
བི་བི་སི།
སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ ཡུ་ཨེཛ་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གི་ དམག་མི་ཚུ་གིས་ ཡེ་མེན་ལུ་ འཕྲལ་ཁམས་ཅིག་ཁར་ ཧའུ་ཐི་ངོ་ལོགཔ་ཚུ་དང་གཅིག་ཁར་ དམག་རྐྱབ་པའི་སྐབས་ལུ་ ས་སྣུམ་བཀྲམ་སྤེལ་གྱི་ ས་ཁོངས་ཅིག་ མེདཔ་བཏང་ཡི་ཟེར་ཨིན་པས།
དེ་ཡང་ རཛ་ཨི་སའི་ རེཌ་སི་ཟེར་མི་ རྒྱ་མཚོའི་གྲུ་ཚུགས་ཁ་ཐུག་ལུ་ གནོད་འཚུབ་བཀལ་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ ཨི་རཱན་གྱིས་ རྒྱབ་སྐྱོར་འབད་མི་ ལས་འགུལ་གྱི་ མཁོ་ཆས་དང་ མ་དངུལ་ཚུ་ བཀག་ཆ་འབད་ཐབས་ལུ་ཨིནམ་སྦེ་བཤད་ནུག།
ཧུ་ཐི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༤ པའི་ཚེས་ ༡༧ ལུ་ ཡུ་ཨེཛ་གི་ དམག་སྡེ་གིས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༥༨ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༢༦ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡི་ཟེར་ཨིན་པས།
ཡུ་ཨེཛ་གི་ དམག་མི་ཚུ་གིས་ ཟླཝ་ ༡ གི་ཧེ་མར་ ཧའུ་ཐི་ཚུ་དང་གཅིག་ཁར་ དམག་རྐྱབ་ནིའི་ལཱ་ཚུ་ ཡར་སེང་འབད་བའི་ཤུལ་ལས་ གནོད་འཚུབ་བཀལ་ཡོདཔ་ད་ ཨིན་རུང་ ཡུ་ཨེཛ་གི་ འགོ་དཔོན་ཚུ་གིས་ ཤི་རྐྱེན་བྱུང་མིའི་སྐོར་ལས་ བརྡ་དོན་ཁ་གསལ་ཅིག་ བཤད་མ་བཏུབ་སྦེ་བཀོད་ནུག།
སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ པའི་ནང་ ཨིཛ་རེལ་དང་ ག་ཟའི་བར་ན་ དམག་འཁྲུག་འགོ་བཙུགས་པའི་ཤུལ་ལས་ ཨི་རཱན་གྱིས་ རྒྱབ་སྐྱོར་འབད་མི་ ཧའུ་ཐི་ངོ་རྒོལ་བ་ཚུ་གིས་ རེཌ་སི་རྒྱ་མཚོ་དང་ ཨེ་ཌེན་རྒྱ་མཚོའི་ ཚོང་འབྲེལ་གྲུ་ཚུ་ལུ་ གནོདཔ་བཀལ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ཏེ་ འཛམ་གླིང་ནང་ ཚོང་ལམ་གཙོ་བོ་ཅིག་ཨིན་མི་ རེཌ་སི་རྒྱ་མཚོ་དེ་ ཚོང་འབྲེལ་འཐབ་མི་ མཚོ་གྲུ་བརྒྱ་ཆ་ ༡༥ གིས་མ་གཏོགས་ མཚོ་གྲུའི་ལས་སྡེ་ ལེ་ཤ་ཅིག་གིས་ར་ བཀག་ཆ་འབད་དེ་ ལག་ལེན་འཐབ་མ་བཏུབ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1395940
Views Today :
Total views : 5000
Who's Online :