
རོའི་ཊརཛ།
སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ ཡུ་ཨེཛ་གིས་ ཏཱ་ཡེ་ཝཱན་རྒྱལ་ཁབ་ རང་དབང་སྲུང་སྐྱོབ་ཀྱི་དོན་ལས་ འཕྲོ་མཐུད་དེ་ར་ གྲོགས་རམ་འབད་ནི་ཨིན་པའི་སྐོ་ལས་ གསལ་བཤད་འབད་ནུག།
དེ་ཡང་ ཏཱ་ཡེ་ཝཱན་ མཚོ་གླིང་རྒྱལ་ཁབ་དེ་ བཙན་དབང་གི་ ཉེན་ཁ་མེད་པར་ ཞི་བདེའི་ངང་ལུ་ གནས་དགོཔ་དེ་ གལ་ཆེ་བའི་སྐོ་ལས་ ཏཱ་ཡེ་ཝཱན་ལུ་ གཟིགས་སྐོར་གནང་པར་བྱོན་མི་ ཡུ་ཨེཛ་སྤྱི་ཚོགས་ཀྱི་ འཐུས་མི་ཅིག་གིས་ ཏཱ་ཡེ་ཝཱན་གྱི་སྲིད་འཛིན་ ལའི་ཅིང་ཏེ་མཆོག་ལུ་ ཞུ་ཡོདཔ་ཨིན་པས།
རྒྱ་ནག་གིས་ ཐོབ་བརྗོད་བཀོད་མི་ ཏཱ་ཡེ་ཝཱན་དང་ ཡུ་ཨེཛ་རྒྱལ་ཁབ་ ༢ ཀྱི་བར་ན་ གཞུང་འབྲེལ་གྱི་ མཐུན་ལམ་མེད་རུང་ ཡུ་ཨེཛ་ཨེ་དེ་ ཏཱ་ཡེ་ཝཱན་ལུ་ རྒྱལ་སྤྱིའི་རྒྱབ་སྐྱོར་དང་ མཚོན་ཆ་བཀྲམ་སྤེལ་འབད་མི་ གལ་ཅན་ཅིག་ཨིནམ་སྦེ་བཀོད་ནུག།
ཡུ་ཨེཛ་ཨེ་ རི་པབ་བི་ལི་ཀཱན་གྱི་ སྤྱི་ཚོགས་འཐུས་མི་ པི་ཊི་རི་ཀེཊཛ་གིས་ ཡུ་ཨེཛ་རྒྱལ་ཁབ་ནང་ བདག་སྐྱོང་ཚུ་ འགྱུར་བཅོས་འགྱོ་རུང་ ཏཱ་ཡེ་ཝཱན་ལུ་ སྲིད་དོན་ཚོགས་པ་ ༢ ཆ་རགིས་ རྒྱབ་སྐྱོར་དེ་ འཕྲོ་མཐུད་དེ་ར་ཡོད་ཟེར་ཨིན་པས།
ཡུ་ཨེཛ་ཨེ་གིས་ ཨིན་ཌོ་པེ་སི་ཕིག་ནང་ ཞི་བདེ་དང་ བརྟན་ཏོག་ཏོ་བཟོ་ནི་ལུ་ ཁས་བླངས་འབདཝ་བཞིན་དུ་ ཏཱ་ཡེ་ཝཱན་ མཚོ་གླིང་རྒྱལ་ཁབ་ནང་ ཞི་བདེ་མཐོང་དགོཔ་ཡོད་པའི་སྐོར་ལས་ པི་ཊི་རི་ཀེཊཛ་གིས་ གསལ་བཤད་འབད་ནུག།
ག་དེ་སྦེ་ར་ཨིན་རུང་ སྤྱི་ཟླ་འདི་གི་ ཟླ་མགོ་མཚམས་ཅིག་ཁར་ རྒྱ་ནག་གི་ཁ་ཐུག་ལས་ ཏཱ་ཡེ་ཝཱན་གྱི་ མཐའ་འཁོར་ལུ་ དམག་འཁྲུག་གི་ རྩེད་འགྲན་དེ་ འགོ་འདྲེན་འཐབ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 1635
Users Yesterday : 1364
This Month : 1635
This Year : 181538
Total Users : 893354
Views Today : 2633
Total views : 2625934
Who's Online : 8