
བི་བི་སི།
སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊམ་གྱིས་ ར་ཤི་ཡ་དང་ ཡུ་ཀེ་རེན་ ༢ ཀྱིས་ ཞི་བདེའི་གསུང་གྲོས་ཚུ་ ག་ནི་བ་ཡང་ ལཱ་ཁག་བཟོ་བ་ཅིན་ ཡུ་ཨེཛ་གི་ཁ་ཐུག་ལས་ བར་འཛུལ་འབད་དེ་ འདུམ་འགྲིག་གི་ ལཱ་འབད་ནི་དེ་ བཀོ་བཞག་ནི་ཨིནམ་སྦེ་ གསུངས་ཡོདཔ་ཨིན་པས།
དེ་ཡང་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ མར་ཀོ་རུ་བི་ཡོ་གིས་ ཞི་བདེའི་གསུང་གྲོས་ལུ་ དྭངས་གསལ་ཅན་གྱི་ ཡར་འཕེལ་མ་འཐོན་པ་ཅིན་ ཡུ་ཨེཛ་གི་ཁ་ཐུག་ལས་ གནད་དོན་དེ་ བཀོ་བཞག་ནི་ཨིནམ་སྦེ་ ཞུ་བའི་ཤུལ་ལུ་ ཌོ་ནཱལ་ཊམ་གྱིས་ གསལ་བཤད་མཛད་ནུག།
རྒྱལ་ཁམས་དྲུང་ཆེན་ རུ་བི་ཡོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གི་ཁ་ཐུག་ལས་ བདུན་ཕྲག་དང་ ཟླཝ་ལས་བཅད་དེ་ གསུང་གྲོས་ཚུ་ འཕྲོ་མཐུད་དེ་ གནང་མི་ཚུགས་ཟེར་ཨིནམ་ད་ དེ་ཡང་ ཁོང་རའི་ལཱ་འགན་དང་ གཙོ་རིམ་གཞན་ཚུ་ཡང་ཡོད་ནི་དེ་གིས་ཨིན་པས།
ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ ཕྱད་མདའི་ཐེད་ཁར་ ར་ཤི་ཡའི་ཁ་ཐུག་ལས་ ཡུ་ཀེ་རེན་ལུ་ གནོད་འཚུབ་ཚུ་ འཕྲོ་མཐུད་དེ་ར་ བཀལ་དོ་ཡོདཔ་ལས་ སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ར་ ཡུ་ཀེ་རེན་གྱི་ བྱང་ཤར་གྱི་ཁྲོམ་སྡེ་ ཁར་ཀིབ་དང་ སུ་མི་ཟེར་སར་ མི་ ༢ དམར་བསད་དང་ གཞན་མི་ ༡༠༠ ལྷགཔ་ཅིག་ལུ་ རྨ་སྐྱོན་ཚུ་ བྱུང་ཡོདཔ་སྦེ་བཤད་ནུག།
ར་ཤི་ཡ་དང་ ཡུ་ཀེརེན་གྱི་བར་ན་ ཡུ་ཨེཛ་གི་ཁ་ཐུག་ལས་ འགྲིག་ཆ་མགྱོགས་སུ་སྦེ་ བཟོ་ཚུགས་པའི་ ཡིད་ཆེས་ཡོད་རུང་ ཕྱད་མདའ་མཚམས་འཇོག་འབད་ནི་ལུ་ གྲུབ་འབྲས་ག་ནི་ཡང་ བཏོན་མ་ཚུགས་པར་ཡོདཔ་སྦེ་ བཤདཔ་ཨིན་པས།
སྲིད་འཛིན་ཊམ་གྱིས་ མི་སེར་ཚུ་ལུ་ ཤི་རྐྱེན་ཚུ་བྱུང་མི་ཚུ་ བཀག་ཆ་འབད་དགོ་པའི་སྐོར་ལས་ ལོ་རྒྱུས་ཚུ་ བཤདཔ་ཨིན་རུང་ རྩ་ཕན་ཅིག་གིས་ འགྲིག་ཆ་ཚུ་ ལཱ་ཁག་བཟོ་བ་ཅིན་ ཁོང་རང་ར་ བླུན་རྨོངས་ཅན་དང་ བལྟ་མ་བཏུབ་ཅིག་ཨིནམ་ལས་ བཀོ་བཞག་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1396892
Views Today :
Total views : 5000
Who's Online :