
ད་རེས་ནངས་པར་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་སྐུ་བགྲེས་ བསམ་གཏན་རྡོ་རྗེ་མཆོག་གིས་ ཐིམ་ཕུ་རྡོར་གདན་བཀྲ་ཤིས་ཐང་ གཙུག་ལག་སློབ་གྲྭའི་ནང་སྦེ་ བསྟན་འགྱུར་ཆེན་མོའི་ ལྗགས་ལུང་གནང་དོ་ཡོདཔ་ད་ ལྗགས་ལུང་དེ་ ཤིང་སྦྲུལ་ཟླཝ་ ༢ པའི་ཚེས་ ༣ སྤྱི་ཟླ་ ༤ པའི་ཚེས་ ༡ ལས་ འགོ་བཙུགས་གནང་ནུག།
དེ་ཡང་ ཉིན་བསྟར་བཞིན་དུ་ ལྗགས་ལུང་ཞུ་མི་ རྡོར་གདན་བཀྲ་ཤིས་ཐང་ གཙུག་ལག་སློབ་གྲྭའི་ མཁན་པོ་དང་ བླ་སློབ་ དགེ་མདུནམ་ཚུ་གིས་གཙོས་པའི་ རྒྱལ་ཁབ་ནང་འཁོད་ཀྱི་ གྲྭ་ཚང་དང་ སྒོམ་སྡེ་ བཤད་གྲྭ་ དགོན་སྡེ་ཁག་སོ་སོའི་ བླ་སློབ་དང་ མཁན་པོ་ དགེ་སློང་ མ་ནེམོ་ཚུ་འབདཝ་ད་ ཞལ་གྲངས་བསྡོམས་ ༦༠༠ དེ་ཅིག་དང་ དད་ལྡན་སེར་སྐྱ་ཕོ་མོ་ ༢༠༠ དེ་རེ་ཡོདཔ་ཨིན་པས།
མ་གཞི་ བསྟན་འགྱུར་ཆེན་མོ་འདི་ པོད་གྲངས་ ༢༢༠ དེ་ཅིག་ཡོདཔ་ཨིན་རུང་ ད་རེས་ ལུང་རྒྱུན་བཞུགས་ཡོད་མི་ གླེགས་བམ་ ༢༠ དེ་ཅིག་གི་ ལྗགས་ལུང་གནངམ་ཨིན་ཟེར་ རྡོར་གདན་བཀྲ་ཤིས་ཐང་ གཙུག་ལག་སློབ་གྲྭའི་ སློབ་དཔོན་ཅིག་གིས་གསུངས་ཡི།
དེ་སྦེ་ ལུང་རྒྱུན་བཞུགས་ཡོད་མི་ཚུ་ཡང་ བསླབ་པ་ཀུན་བཏུས་ཀྱི་རྩ་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། དམ་པའི་ཆོས་ཡོངས་སུ་བཟུང་བ། ཆོས་སྨྲ་བ་ལ་སོགས་པ་བསྲུང་བ། ཚུལ་ཁྲིམས་ཕར་ཕྱིན་གྱི་ གནོད་པ་རྣམ་པར་སྤང་བ། ལས་བསྲུང་བ། ལོངས་སྤྱོད་དང་ བསོད་ནམས་བསྲུང་བ། སྡིག་པ་སྦྱང་བ། བཟོད་པ། བརྩོན་འགྲུས། དགོན་པར་གནས་པར་བརྗོད་པ། སེམས་ཡོངས་སུ་སྦྱང་བ། དྲན་པར་ཉེ་བར་བཞག་པ། ལུས་ཡོངས་སུ་དག་པ། ལོངས་སྤྱོད་དང་ བསོད་ནམས་དག་པ། ཕྱག་འཚལ་བ་ལ་སོགས་པའི་ཕན་ཡོན། དཀོན་མཆོག་ ༣ རྗེས་སུ་དྲན་པ། བསོད་ནམས་སྤེལ་བ་ཚུ་ཨིན་པས།
ད་རེས་ བསྟན་འགྱུར་ཆེན་མོའི་ ལྗགས་ལུང་འདི་ རྡོར་གདན་བཀྲ་ཤིས་ཐང་ གཙུག་ལག་སློབ་གྲྭའི་ སྦྱིན་བདག་མཛད་ཐོག་ལས་ གནངམ་ཨིན་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1391042
Views Today :
Total views : 5000
Who's Online :