
རོའི་ཊརཛ།
སྤྱི་ཟླ་ ༥ པའི་ཚེས་ ༡ ལུ་ བྱང་ཀོ་རི་ཡའི་ གཞུང་དབང་བརྡ་བརྒྱུད་ ཀེ་སི་ཨེན་ཨེ་ཟེར་མིའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བྱང་ཀོ་རི་ཡ་གིས་ ར་ཤི་ཡ་དང་ མཐུད་འབྲེལ་འབད་ནིའི་དོན་ལས་ ཟམ་གསརཔ་ཅིག་ རྐྱབ་དོ་ཟེར་ཨིན་པས།
སྤྱི་ཟླ་ ༤ པའི་ཚེས་ ༢༩ ལས་ ར་ཤི་ཡ་དང་ བྱང་ཀོ་རི་ཡ་གིས་ ཊུ་མེན་གཙང་ཆུ་བདའ་སྟེ་ ཟམ་བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་གོང་འཕེལ་འགྱོ་བའི་ རྟགས་མཚན་ཅིག་ཨིནམ་སྦེ་བཀོད་ནུག།
མ་གཞི་ ཟམ་དེ་གི་སྐོར་ལས་ ལོ་ངོ་མང་རབས་ཅིག་གི་རིང་ལུ་ གྲོས་བསྟུན་འབད་བའི་ཤུལ་ལས་ སྤྱི་ལོ་ ༢༠༢༤ ལོར་ ར་ཤི་ཡའི་སྲིད་འཛིན་ ཝ་ལ་ཌི་མིར་ པུ་ཊིན་གྱིས་ བྱང་ཀོ་རི་ཡའི་ རྒྱལ་ཁབ་ནང་ གཟིགས་སྐོར་གནང་པའི་སྐབས་ལུ་ མོས་མཐུན་བྱུང་ཡོདཔ་ཨིན་པས།
དེ་ཡང་ དཔལ་འབྱོར་མཉམ་འབྲེལ་གྱི་དོན་ལུ་ གལ་གནད་ཆེ་བའི་ གཞི་རྟེན་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནི་དང་ སྒྲིང་སྒྲིང་བཟོ་ནི་ མི་སེར་ཚུ་ འགྲུལ་སྐྱོད་འབད་ནི་དང་ བལྟ་བཤལ་ དེ་ལས་ ཅ་ཆས་བཀྲམ་སྤེལ་འབད་ནི་ཚུ་རྩིས་ཏེ་ རྒྱལ་ཁབ་ ༢ ཀྱི་བར་ན་ མཉམ་འབྲེལ་ཚུ་ ངེས་གཏན་བཟོ་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིནམ་སྦེ་ ཀེ་སི་ཨེན་ཨེ་ གནས་ཚུལ་ནང་བཀོད་ནུག།
བྱང་ཀོ་རི་ཡ་གིས་ ཡུ་ཀེ་རེན་དང་གཅིག་ཁར་ དམག་རྐྱབ་ནིའི་དོན་ལས་ ར་ཤི་ཡ་ལུ་ གོ་མཚོན་ཚུ་ བཏང་མི་ལུ་བརྟེན་ཏེ་ དཔལ་འབྱོར་དང་ དམག་དོན་གྱི་ ཁེ་ཕན་ཐོབ་ཡོདཔ་སྦེ་ བཤདཔ་ཨིན་པས།
བྱང་ཀོ་རི་ཡ་གིས་ ལྕགས་རིགས་དང་ གནམ་གྲུ་ ནུས་ཤུགས་ དེ་ལས་ བལྟ་བཤལ་ཚུ་རྩིས་ཏེ་ ལས་སྡེ་ཁག་ ༡༤ གི་ནང་ བཟོ་གྲྭ་འཕྲུལ་ཁང་ཚུ་ དེང་སང་གི་ ལམ་ལུགས་དང་འཁྲིལ་ཏེ་ བཟོ་ནི་ཨིན་པའི་སྐོར་ལས་ཡང་ གྲོས་བསྟུན་འབད་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།



Users Today : 1120
Users Yesterday : 2000
This Month : 27936
This Year : 207839
Total Users : 919655
Views Today : 7833
Total views : 2696490
Who's Online : 18