
རོའི་ཊརཛ།
སྤྱི་ཟླ་ ༥ པའི་ཚེས་ ༡༥ ལུ་ རྒྱ་གར་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པར་ཡང་ དམག་འཁྲུག་ལང་བཞིན་དུ་ཡོད་མི་ རྒྱ་གར་གྱི་ མ་ནི་པུར་མངའ་སྡེའི་ བྱང་ཤར་ཁ་ཐུག་གི་ ས་མཚམས་ཁར་ གཡིབ་དམག་ ༡༠ དམར་བསད་འབད་ཡི་ཟེར་ཨིན་པས།
དེ་ཡང་ མི་ཡན་མར་ལུ་ སྐྱབས་བཅོལ་ཐོག་ལས་ ནང་འཁྲུག་ལང་མི་ གཡིབ་དམག་ཚུ་ ས་མཚམས་བདའ་སྟེ་ མ་ནི་པུར་ལུ་ ལོག་འོང་ཡོདཔ་སྦེ་ སྙན་ཞུ་འབད་བའི་ཤུལ་ལས་ རྒྱ་གར་གྱི་ དམག་མི་ཚུ་གིས་ དམར་བསད་འབད་ནུག།
དེ་མ་ཚད་ སྤྱི་ཟླ་ ༥ པའི་ཚེས་ ༡༤ ལུ་ རྒྱ་གར་གྱི་ དམག་མི་ཚུ་གིས་ གཡིབ་དམག་ཚུ་ལས་ གོ་མཚོན་དང་ རྫས་བམ་ མདེའུ་ཚུ་ཡང་ ལེ་ཤ་ཅིག་ར་ འཕྱོག་བཟུང་འབད་ཡོདཔ་སྦེ་ བཤདཔ་ཨིན་པས།
སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ནང་ མི་ཡན་མར་ལུ་ བཙག་འཐུ་ལས་གྲུབ་པའི་ དམངས་གཙོའི་རིང་ལུགས་ཀྱི་ ཞི་བའི་གཞུང་དེ་ དམག་སྡེ་གིས་ བཙན་འཕྲོག་འབད་བའི་ཤུལ་ལས་ གཡིབ་དམག་ཚུ་ རྒྱ་གར་དང་ ས་མཚམས་མཐུད་སྦྲེལ་ཡོད་མི་ ཀི་ལོ་མི་ཊར་ ༡,༦༥༠ དེ་ཅིག་གི་ནང་ སྡོད་དོ་ཡོདཔ་སྦེ་བཀོད་ནུག།
དེ་བཟུམ་སྦེ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༥ པའི་ནང་ལས་ མ་ནི་པུར་ལུ་ མི་རིགས་ཀྱི་ དབྱེ་བ་ལུ་བརྟེན་ཏེ་ ནང་འཁྲུག་ལང་བཞིན་དུ་མིའི་ནང་ མི་སེར་ ༢༦༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་སེར་ ༦༠,༠༠༠ ལྷགཔ་ཅིག་ཡང་ གནས་སྤོ་སྟེ་འགྱོ་དགོཔ་ ཐོན་ཡོདཔ་ཨིན་པས།
མི་སེར་ས་ཡ་ ༣.༢ དེ་ཅིག་ཡོད་མི་ མངའ་སྡེ་དེ་ མི་རིགས་ཀྱི་ ས་ཁོངས་ ༢ ལུ་ དབྱེ་བ་ཕྱེ་སྟེ་ཡོདཔ་ད་ དེ་ཡང་ མེ་ཊི་གིས་ དབང་འཛིན་འབད་མི་ཚུ་ ལུང་གཤོང་ནང་དང་ ཀུ་ཀི་གིས་ དབང་འཛིན་འབད་མི་ཚུ་ སྒང་ཏོ་བདའ་སྟེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 689
Users Yesterday : 6933
This Month : 65058
This Year : 293899
Total Users : 1005715
Views Today : 7464
Total views : 2923881
Who's Online : 6