ར་ཤི་ཡའི་ ཁྲིམས་འདུན་ལས་ ཨཱཛ་ཊེ་ལུ་ཡའི་ ཕོ་སྐྱེས་ཅིག་ལུ་ ལོ་ངོ་ ༡༣ གྱི་བཙོན་ཁྲིམས།

བི་བི་སི།
ཡུ་ཀེ་རེན་གྱི་ ཁ་ཐུག་ལས་སྦེ་ དམག་རྐྱབ་མི་ ཨཱཛ་ཊེ་ལུ་ཡའི་ ཕོ་སྐྱེས་ཅིག་ ར་ཤི་ཡ་གིས་ འཛིན་བཟུང་འབད་བའི་ཤུལ་ལས་ སྤྱི་ཟླ་ ༥ པའི་ཚེས་ ༡༦ ལུ་ ལོ་ངོ་ ༡༣ གྱི་ བཙོན་ཁྲིམས་མཐོ་ཤོས་བཀལ་ནུག།
དེ་ཡང་ སྐྱེས་ལོ་ ༣༣ འབད་མི་ ངོ་མིང་ཨོཛ་ཀར་ ཇེན་ཀིནཛ་གིས་ ཡུ་ཀེ་རེན་ལས་ དམག་གླ་ལེན་ཏེ་ གོ་མཚོན་ལག་ལེན་ཐོག་ལས་ དམག་འཛིང་ལང་ཡོད་པའི་ ཉེས་འཛུགས་ཐོག་ལུ་ བཀལ་ཡོདཔ་ད་ མེལ་བཱོན་ལས་ སློབ་དཔོན་ཅིག་ཨིན་མི་ ཇེན་ཀིནཛ་དེ་ ན་ཧིང་ སྤྱི་ཟླ་ ༡༢ པའི་ནང་ ལུ་ཧཱན་ལུང་ཕྱོགས་ནང་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ངོ་མིང་ཇེན་ཀིནཛ་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༢ པའི་ནང་ ཡུ་ཀེ་རེན་ལུ་ ལྷོད་ཡོདཔ་ད་ ཁོ་གིས་ ར་ཤི་ཡ་དང་གཅིག་ཁར་ དམག་རྐྱབ་ནིའི་དོན་ལས་ ཟླ་རིམ་བཞིན་དུ་ པ་འཱུནཊ་ ༥,༥༠༤ དང་ ༧,༣༣༩ རེའི་བར་ན་ ལེན་ཡོདཔ་སྦེ་བཀོད་ནུག།
དུས་ཅི་ སྤྱི་ཟླ་དང་པའི་ནང་ ཨཱཛ་ཊེ་ལི་ཡ་གཞུང་གིས་ ར་ཤི་ཡའི་ གཞུང་ཚབ་ལུ་ གློད་གྲོལ་གཏང་དགོ་པའི་སྐོར་ལས་ ཞུ་བ་ཡང་བསྐྱར་འབད་རུང་ བཏང་མ་བཏུབ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: