
བི་བི་སི།
སྤྱི་ཟླ་ ༥ པའི་ཚེས་ ༡༧ ལུ་ ཡུ་ཀེ་རེན་གྱི་ བྱང་ཤར་ཁ་ཐུག་ལུ་ ར་ཤི་ཡ་གིས་ དམག་མི་མེད་པའི་ མཁའ་དམག་གནམ་གྲུ་ ཌཱོན་གྱི་ཐོག་ལས་ ཞི་བའི་མི་སེར་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་བཱཛ་ཅིག་ལུ་ གནོད་འཚུབས་བཀལཝ་ལས་ མི་གྲངས་ ༩ ལུ་ ཤི་རྐྱེན་དང་ གཞན་མི་ ༧ ལུ་ རྨ་སྐྱོན་བྱུང་ནུག།
དེ་བསྒང་ སྣུམ་འཁོར་བཱཛ་དེ་ ར་ཤི་ཡའི་ ས་མཚམས་སྦོ་ལོགས་ཁར་ཡོད་མི་ ལུང་ཕྱོགས་སུ་མི་ཟེར་སར་ འགྲུལ་བསྐྱོད་འབད་བའི་བསྒང་ཨིནམ་ད་ དེ་ཡང་ ར་ཤི་ཡ་དང་ ཡུ་ཀེ་རེན་ ༢ ཀྱི་བར་ན་ ཐད་ཀར་དུ་ ཞི་བདེའི་གསུང་གྲོས་ འགོ་དང་པ་ འགོ་འདྲེན་འཐབ་པའི་ ཆུ་ཚོད་དག་པ་ཅིག་གི་ཤུལ་ལས་ བཀལ་ཡོདཔ་ཨིན་པས།
ཡུ་ཀེ་རེན་གྱི་ ཁྲིམས་སྲུང་འགག་སྡེ་གིས་ ར་ཤི་ཡའི་ དམག་སྡེ་གིས་ རྒྱལ་སྤྱིའི་ཁྲིམས་ལུགས་དང་ འགྲོ་བ་མིའི་གནས་སྟངས་ཚུ་ ཆ་མེད་བཏང་སྟེ་ ཞི་བའི་མི་སེར་གྱི་ རྒྱུ་དངོས་ཚུ་ལུ་ ལོག་སྟེ་ར་ གནོད་འཚུབ་བཀལཝ་ཨིན་པའི་ གསལ་བཤད་ནང་བཀོད་ནུག།
ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་དང་ ར་ཤི་ཡའི་སྲིད་འཛིན་ པུ་ཊིན་ ༢ ངོ་འཛོམས་ཐོག་ལུ་ གསུང་གྲོས་གནང་པ་ཅིན་ དམག་འཁྲུག་མཇུག་བསྡུ་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 613
Users Yesterday : 4443
This Month : 95500
This Year : 391466
Total Users : 1103282
Views Today : 1023
Total views : 3079653
Who's Online : 26