ག་ཟ་ལུ་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༥༨ དམར་བསད།

རོའི་ཊརཛ།
སྤྱི་ཟླ་ ༥ པའི་ཚེས་ ༡༧ ལུ་ ས་གནས་ཀྱི་ གསོ་བའི་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱིས་ ཉིན་ཞག་ ༡ གི་རིང་ལུ་ མཁའ་དམག་ཐོག་ལས་ ག་ཟ་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༥༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ཟླ་ ༥ པའི་ཚེས་ ༡༥ ལས་ འགོ་བཙུགས་ཏེ་ ད་ཚུན་གྱི་བར་ན་ ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ ག་ཟ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༣༠༠ ལྷགཔ་ཅིག་ཡང་ དམར་བསད་འབད་ཡོདཔ་སྦེ་བཀོད་ནུག།
ཨིཛ་རེལ་དམག་སྡེ་གིས་ ག་ཟའི་ས་ཁོངས་ནང་ གནོད་འཚུབ་སྦོམ་སྦེ་ར་ བཀལ་ནིའི་དོན་ལས་ དམག་མི་ཚུ་ རྒྱ་ཆེ་ཏོག་ཏེ་སྦེ་ར་ བསྡུ་སྒྲུབ་འབད་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: