
བི་བི་སི།
སྤྱི་ཟླ་ ༥ པའི་ཚེས་ ༢༠ ལུ་ པེ་ལེཛ་ཊིན་གྱི་ གསོ་བའི་སྨན་པ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱིས་ ནུབ་མོར་དུས་ཡུན་ཆུ་ཚོད་ཕྱེད་ཀྱི་རིང་ལུ་ ག་ཟའི་ས་ཁོངས་ཚུ་ནང་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་བ་ལུ་བརྟེན་ཏེ་ པེ་ལེཛ་ཊིན་གྱི་ མི་སེར་ ༣༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།
དེ་བསྒང་ ཨིཛ་རེལ་གྱི་ མཁའ་དམག་གནམ་གྲུ་ཚུ་གིས་ ཤར་ཕྱོགས་ག་ཟ་ཁྲོམ་སྡེའི་ སློབ་གྲྭ་དང་ ག་ཟའི་དབུས་ཕྱོགས་ལུ་ཡོད་མི་ ནུ་སེ་རཱཊ་ སྐྱབས་བཅོལ་བའི་ སྡོད་སྒར་ནང་ བཟའ་ཚང་ཚུ་བཞག་སའི་ ས་སྣུམ་བཀྲམ་སྤེལ་ཁང་ཚུ་རྩིས་ཏེ་ ས་གནས་ལེ་ཤ་ཅིག་གི་ནང་ར་ གནོད་འཚུབ་བཀལ་ནུག།
དེ་མ་ཚད་ སྲོག་སྐྱབས་འབད་མི་ སྡེ་ཚན་ཚུ་ལུ་ མཁོ་ཆས་དང་ མཚོན་ཆ་ཚུ་ མེད་ནི་དེ་གིས་ རྨ་སྐྱོན་བྱུང་མི་ཚུ་ཡོད་སར་ འགྲོ་འགྲུལ་འབད་ནི་ལུ་ཡང་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཨིན་པས།
དེ་བཟུམ་མའི་ གནོད་འཚུབ་ཚུ་ཡང་ ཨིཛ་རེལ་གྱིས་ ག་ཟ་ལུ་ཡོད་མི་ ཞི་བའི་མི་སེར་ཚུ་ ཕྱི་ཁར་འཐོན་འགྱོ་དགོ་པའི་ བཀོད་རྒྱ་བྱིན་པའི་ཤུལ་ལུ་ བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 593
Users Yesterday : 6933
This Month : 64962
This Year : 293803
Total Users : 1005619
Views Today : 7121
Total views : 2923538
Who's Online : 5