རྒྱ་གར་གྱི་ཁྲོམ་སྡེ་ བེང་ག་ལུ་རུ་ སི་ལི་ཀཱོན་ཟེར་མི་ ལུང་གཤོང་ནང་་ ཆརཔ་གིས་གནོད་སྐྱོན།

བི་བི་སི།

རྒྱ་གར་གྱི་ ལྷོ་ཕྱོགས་ཁྲོམ་སྡེ་ བེང་ག་ལུ་རུ་ སི་ལི་ཀཱོན་ཟེར་མི་ ལུང་གཤོང་ནང་་ ཆརཔ་ཤུགས་སྦེ་ རྐྱབ་པ་ལུ་བརྟེན་ཏེ་ ཁྲོམ་སྡེ་དེ་ཁར་ ཆུ་གིས་གང་སྟེ་ཡོདཔ་མ་ཚད་ སྤྱི་ཟླ་ ༥ པའི་ཚེས་ ༢༠ ལུ་ ཨན་ཌ་མཱན་ རྒྱ་མཚོ་གུ་ལས་ རླུང་འཚུབ་འཕུ་མི་ལུ་བརྟེན་ཏེ་ ཆརཔ་སྦོམ་སྦེ་ར་ རྐྱབ་ནི་ཨིན་པའི་ ཉེན་བརྡ་ཡང་འབད་ནུག།

སྤྱི་ཟླ་ ༥ པའི་ཚེས་ ༡༩ ལུ་ ཆརཔ་དང་འབྲེལ་བའི་ རྐྱེན་ངན་ཚུ་བྱུངམ་ལས་ སྐྱེས་ལོ་ ༡༢ འབད་མི་ བུཚ་ཅིག་རྩིས་ཏེ་ མི་གྲངས་ ༣ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།

དེ་བཟུམ་མའི་ ཆརཔ་ལུ་བརྟེན་ཏེ་ ཆུ་རུད་ཐོན་ནི་དེ་གིས་ ཕན་ཚུན་འགྲོ་འགྲུལ་འབད་ནི་དང་ མི་ཚེའི་གནས་སྟངས་ལུ་ ཉེན་ཁ་ཡོད་པའི་ཁར་ རྒྱུ་དངོས་ཚུ་ལུ་ཡང་ གནོད་སྐྱོན་སྦོམ་སྦེ་ར་བྱུང་ནུག།

དེ་ཡང་ ཁྲོམ་སྡེའི་ས་གནས་ལ་ལོ་ཅིག་གི་ སྡོད་ཁྱིམ་ཚུ་ནང་ ཆུ་གིས་གང་སྟེ་ཡོདཔ་མ་ཚད་ ཁྲོམ་ལམ་གྱི་གུ་ལས་ཕར་ཡང་ ཆུ་གིས་གང་སྟེ་ཡོདཔ་ལས་ སྣུམ་འཁོར་ཚུ་ ཆུ་ནང་ཐིམ་སྟེ་ འགྲུལ་སྐྱོད་འབད་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པས།

ཨིན་རུང་ ཁྲོམ་སྡེ་ལས་འཛིན་གྱི་ཁ་ཐུག་ལས་ ཆུ་རུད་ཀྱིས་ ཉེན་ཁ་ཡོད་མི་ ས་གནས་ཁག་ ༢༡༠ དེ་ཅིག་ ངོས་འཛིན་འབད་མི་ཚུ་ག་ར་ བཅོ་ཁ་རྐྱབ་ནིའི་དོན་ལུ་ ལཱ་ཚུ་འབད་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: