རྡོར་གདན་བཀྲིས་ཐང་ གཙུག་ལག་སློབ་གྲྭའི་ནང་ བསྟན་འགྱུར་གྱི་ ལྗགས་ལུང་གནང་མི་དེ་ མཇུག་བསྡུ་ཡོདཔ།

གནམ་ལོ་ཤིང་སྦྲུལ་ཟླཝ་ ༣ པའི་ཚེས་ ༢༣ སྤྱི་ཟླ་ ༥ པའི་ཚེས་ ༢༠ ལུ་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་སྐུ་བགྲེས་ བསམ་གཏན་རྡོ་རྗེ་མཆོག་གིས་ ཐིམ་ཕུ་རྡོར་གདན་བཀྲིས་ཐང་ ནང་པའི་གཙུག་ལག་སློབ་གྲྭའི་ནང་ ཟླ་ངོ་ ༡ ལྷགཔ་ཅིག་གི་རིང་ལུ་ བསྟན་འགྱུར་གྱི་ ལྗགས་ལུང་གནང་མི་དེ་ གྲོལ་གནང་ཡོདཔ་ཨིན་མས།

དེ་སྦེ་ ལྗགས་ལུང་མཇུག་བསྡུ་བའི་སྐབས་ལུ་ སློབ་དཔོན་རིན་པོ་ཆེ་མཆོག་ལུ་ རྡོར་གདན་བཀྲིས་ཐང་ གཙུག་ལག་སློབ་གྲྭའི་ཧོངས་ལས་ བཀའ་དྲིན་གཏང་རག་གི་ཚུལ་དུ་དམིགས་ཏེ་ སྐུ་གསུང་ཐུགས་རྟེན་མཎྜལ་དང་ གཏང་རག་གི་ ཚོགས་འཁོར་ཚུ་ཡང་ཕུལ་ནུག།

རྡོར་གདན་བཀྲིས་ཐང་ གཙུག་ལག་སློབ་གྲྭ་གིས་ འགོ་འདྲེན་འཐབ་མི་ བསྟན་འགྱུར་གྱི་ ལྗགས་ལུང་གནང་སར་ གྲྭ་ཚང་དང་ བཤད་གྲྭ་ སྒྲུབ་སྡེ་ཁག་ལས་ དགེ་སློང་ཞལ་གྲངས་ ༦༠༠ དེ་ཅིག་གུ་ ཨ་ནེམོ་དང་ སྒོམ་ཆེན་ དད་ལྡན་མི་སེར་ཚུ་ཡང་ ལྗགས་ལུང་ཞུ་བར་ སྤུངས་འཛོམས་འབད་ཡོད་པའི་གནས་ཚུལ།

Please follow and like us: