
རོའི་ཊརཛ།
སྤྱི་ཟླ་ ༦ པའི་ཚེས་ ༧ ལུ་ མཐའ་ཡས་ལེན་གྱི་ སྲུང་སྐྱོབ་བློན་པོ་གིས་འབད་བ་ཅིན་ མཐའ་ཡས་ལེན་དང་ ཀམ་བོ་ཌི་ཡའི་ ས་མཚམས་ཁར་ ཀམ་བོ་ཌི་ཡ་གིས་ དྲག་པོའི་དམག་མི་ ཡར་སེང་འབད་མི་དང་བསྟུན་ཏེ་ མཐའ་ཡས་ལེན་གྱིས་ཡང་ ཡར་སེང་འབད་དོ་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༢༨ ལུ་ ཤར་ལྷོ་ཨེ་ཤི་ཡའི་ རྒྱལ་ཁབ་ ༢ ཀྱི་བར་ན་ ས་མཚམས་ངོས་འཛིན་མ་འབད་མི་ ས་ཁོངས་ཅིག་ནང་ མཐའ་ཡས་ལེན་དང་ ཀམ་བོ་ཌི་ཡའི་ དམག་སྡེ་ ༢ ཀྱི་བར་ན་ ཟིང་འཁྲུག་ཅིག་ལངམ་ད་ ཀམ་བོ་ཌི་ཡའི་ དམག་མི་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལུ་ མ་འགྲིགསཔ་ཐོན་ནུག།
མཐའ་ཡས་ལེན་གྱི་ བློན་ཆེན་འོགམ་ ཕུན་ཐཱམ་ཝེ་ཅ་ཡ་ཅ་ཡེ་གིས་ ཀམ་བོ་ཌི་ཡ་གིས་ ཟུང་ཕྱོགས་གྲོས་གླེང་ལུ་ ངོས་ལེན་འབད་མ་བཏུབ་མ་ཚད་ ས་མཚམས་བདའ་སྟེ་ དམག་མིའི་གྱངས་ཁ་ཡང་ ཡར་སེང་འབདཝ་མས་ཟེར་ཨིན་པས།
མཐའ་ཡས་ལེན་ དམག་སྡེ་གིས་ ཀམ་བོ་ཌི་ཡའི་ དམག་མི་དང་ ཞི་བའི་མི་སེར་ཚུ་གིས་ སྤྱི་ཟླ་ ༦ པའི་ཚེས་ ༥ ལུ་ མཐའ་ཡས་ལེན་གྱི་ ས་ཁོངས་ནང་ ཡང་བསྐྱར་ཧམ་འཛུལ་འབད་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་ཡོད་པའི་གནས་ཚུལ།