
རང་ཟླ་ ༤ པའི་ཚེས་ ༡༥ སྤྱི་ཟླ་ ༦ པའི་ཚེས་ ༡༡ ལུ་ ག་ནི་བ་ རྩ་ཆེ་བའི་ སྟོན་པའི་དུས་ཆེན་ལྔ་འཛོམས་ཀྱི་ཉིན་མར་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ མི་དམངས་ལུ་ གུ་རུ་ཐོད་ཕྲེང་རིགས་ལྔའི་ བཀའ་དབང་གནང་ནི་ཨིན་པས།
དེ་བསྒང་ གཞུང་གྲྭ་ཚང་དང་ ཐིམ་ཕུ་རྫོང་ཁག་གི་ སྨོན་ལམ་ཚོགས་ཆུང་ འཁྲུངས་སྟོན་ཚོགས་ཆུང་ ༣ མཉམ་འབྲེལ་ཐོག་ལས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་ ༧༠ བཞེས་པའི་ འཁྲུངས་སྐར་དུས་སྟོན་བརྩི་སྲུང་གི་ སྐུ་རིམ་སྣ་ཚོགས་ཀྱི་གྲས་ལས་ དང་པ་ཕྱག་དང་ བཛྲ་གུ་རུ་དུང་ཕྱུར་བསགས་གནང་ནི་ འགོ་བཙུགས་ནི་ཨིན་ཟེར་ གཞུང་གྲྭ་ཚང་གི་ ཕེཛ་བུག་ནང་བཀོད་ནུག།
དེ་ལས་ རང་ཟླ་ ༤ པའི་ཚེས་ ༡༦ སྤྱི་ཟླ་ ༦ པའི་ཚེས་ ༡༢ ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ ཐིམ་ཕུ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ གནང་ནི་ཨིནམ་བཞིན་དུ་ དེ་བསྒང་ དྲོ་པའི་ཆུ་ཚོད་ ༥ ལས་ ༧ ཚུན་ལུ་ ལྕང་གླིང་མེད་ཐང་ལས་ ཀུན་གསལ་ཕོ་བྲང་ལུ་དང་ ཕྱི་རོའི་ཆུ་ཚོད་ ༥ ལས་ ༧ ཚུན་ལུ་ ཀུན་གསལ་ཕོ་བྲང་ལས་ སྐྱེལ་འདྲེན་གྱི་ ཞབས་ཏོག་ཚུ་ རིན་མེད་སྟོང་མར་ཡོདཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།