
པདྨ་དབང་འདུས།
སྤྱི་ཟླ་ ༧ པའི་ཚེས་ ༡ ལུ་ བལྟ་བཤལ་ལས་ཁུངས་ཀྱིས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འཛམ་གླིང་ནང་ ཨང་ཅན་ཏི་རུའི་རིམ་ལུགས་གཙོ་བོའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རི་ཆར་ཏེང་དེ་ འབྲུག་རྒྱལ་ཁབ་དང་གཅིག་ཁར་ ཨང་ཅན་ཏི་རུའི་ ལས་དོན་མཉམ་འབྲེལ་ འགོ་བཙུགས་ནིའི་དོན་ལས་ འབྲུག་ལུ་ལྷོད་ཡོདཔ་ཨིན་པས།
དེ་མ་ཚད་ འཛམ་གླིང་ནང་གི་ ཚོང་ལམ་གཙོ་བོ་ཚུ་གི་ནང་ལས་ ཨང་ཅན་ཏི་རུ་ ལག་ལེན་ལུ་ སྐུལ་ཤུགས་འབད་མི་ སྡེ་ཚན་ཅིག་ཡང་ ཨང་ཅན་ཏི་རུ་བ་ཡེ་ནེནཛ་ གཞི་སྒྱུར་གྱི་ གོ་སྐབས་འཚོལ་ཞིབ་དང་ ཐོགས་ཆགས་མེད་པའི་ སྤྲོད་ལེན་ཚུ་གི་སྐོར་ལས་ ཉམས་མྱོང་གི་དོན་ལུ་ འོང་ཡོདཔ་སྦེ་ཡང་བཀོཅད་ནུག།
སྡེ་ཚན་དེ་གིས་ ཨང་ཅན་ཏི་རུ་བ་ཡེ་ནེནཛ་ ལག་ལེན་ཐོག་ལས་ འབྲུག་རྒྱལ་ཁབ་ནང་གི་ རིན་ཐང་ཆེ་བའི་ བཟའ་ཁང་དང་ སོ་ནམ་ཞིང་པའི་ བལྟ་བཤལ་པའི་སྡོད་ཁྱིམ་ ནང་པའི་དྲན་རྟེན་ ལག་བཟོ་ཚོང་ཁང་ ཇ་ཁང་དང་ ནམ་རྒྱུན་གྱི་ ལམ་བདའ་མིན་པའི་ དཔལ་རྩལ་ཐོག་གི་ འགྲོ་འགྲུལ་ཚུ་གི་ནང་ཡང་ གོ་སྐབས་འཚོལ་ཞིབ་ཚུ་འབད་ནི་ཨིན་པས།
འབྲུག་གིས་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༥ པའི་ནང་ ཨང་ཅན་ཏི་རུ་བ་ཡེ་ནེནཛ་དང་ མཉམ་འབྲེལ་འབད་ནི་གི་ གསལ་བསྒྲགས་འབད་བའི་ཤུལ་ལས་ རྒྱལ་ཁབ་ནང་ ཨང་ཅན་ཏི་རུའི་ཚོང་མགྲོན་ འགོ་ཐོག་ལུ་ ༡༠༠ དེ་ཅིག་ཡོད་ས་ལས་ ད་རེས་ ༡,༠༠༠ ལྷགཔ་ཅིག་གུ་ འཛེགས་ཡོདཔ་སྦེ་བཀོད་ནུག།
འབྲུག་ལུ་འོང་མི་ བལྟ་སྐོར་པ་ཚུ་གིས་ འགྲུལ་བསྐྱོད་ཀྱི་ ཁྱད་ཆོས་ག་ཅི་ནང་ར་ཨིན་རུང་ ཨང་ཅན་ཏི་རུའི་ཐོག་ལས་ སྤྲོད་ལེན་ཚུ་ འབད་ཚུགས་ནི་ཨིནམ་ལས་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ ཨང་ཅན་ཏི་རུ་ ལག་ལེན་འཐབ་བཏུབ་མི་ གཙོ་བོ་ཅིག་ལུ་ འགྱུར་དོ་ཡོདཔ་ཨིན་པས།
རི་ཆར་ཏང་གིས་ འབྲུག་རྒྱལ་ཁབ་ནང་ དུས་ཡུན་ཐུང་ཀུ་ཅིག་གི་ནང་ར་ ཨང་ཅན་ཏི་རུ་དང་འབྲེལ་ཏེ་ ཡ་མཚན་ཆེ་བའི་ ཡར་འཕེལ་བྱུང་མི་འདི་གིས་ འབྲུག་གི་ཁ་ཐུག་ལས་ གསར་བཏོད་དང་ གོ་སྐབས་གསརཔ་ཚུ་ལུ་ ངོས་ལེན་འགྲུབ་ནི་ལུ་ གྲ་སྒྲིག་ཡོད་པའི་ རྟགས་མཚན་ཨིན་པས་ཟེར་བཤད་ནུག།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ ཡར་འཕེལ་དེ་ གྲངས་ཚད་ཉག་གཅིག་མིན་པར་ མི་སེར་ཚུ་ལུ་ འཕྲུལ་རིག་གི་ དབང་ཆ་སྤྲོད་ནི་དང་ མི་སྡེ་ཚུ་ མཐུད་སྦྲེལ་འབད་ནི་ དེ་ལས་ ཉིན་བསྟར་ཉམས་མྱོང་ ཡར་དྲག་གཏང་ནི་ཚུ་གི་དོན་ལུ་ གནས་སྟངས་གོང་འཕེལ་གྱི་ བརྡ་མཚོན་སྟོན་མི་དེ་གིས་ ཨང་ཅན་དངུལ་ལས་ཀྱི་ འགྲུལ་བསྐྱོད་ཚུ་ བྱ་སྟབས་བདེ་ཏོག་ཏོ་ བཟོ་བའི་ཁར་ སྤྲོད་ལེན་ཚུ་ཡང་ འཇམ་ཏོང་ཏོ་ བཟོ་ཚུགས་ཏེ་ མཐུད་འབྲེལ་བཙན་ཐབས་ཚུ་ ག་དེ་སྦེ་ འབྱུངམ་ཨིན་ནའི་སྐོར་ལས་ འཛམ་གླིང་ནང་ དཔེ་སྟོན་འབད་འོང་ཟེར་ཨིན་པས། . འབྲུག་དང་ བ་ཡེ་ནེནཛ་གི་ མཉམ་འབྲེལ་ལུ་བརྟེན་ཏེ་ མ་འོངས་པའི་དོན་ལས་ ཉམས་མྱོང་གིས་ཕྱུག་པའི་ ཐོག་ཆགས་མེད་པའི་ འགྲོ་འགྲུལ་ཚུ་ གསར་བཏོད་འབད་ཐབས་ལུ་ འཕྲུལ་རིག་དང་ ལམ་སྲོལ་ཟུང་དུ་འཇུག་པའི་ བལྟ་བཤལ་གྱི་ ཐབས་ལམ་ཚུ་གི་ དཔེ་སྟོན་ཅིག་ཨིན་པའི་ཁར་ དངུལ་འབྲེལ་ཀུན་ཚང་དང་ གྲོང་གཡུས་གོང་འཕེལ་ བལྟ་བཤལ་སྣ་མང་ལུ་ སྒྱུར་ནི་ཚུ་གིས་གཙོས་པའི་ འབྲུག་གི་ཁྱབ་ཆེ་བའི་ དམིགས་དོན་ཚུ་གི་སྒོ་ལས་ དམིགས་བསལ་གྱིས་བདག་སྐྱོང་ལུང་ཕྱོགས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཨང་ཅན་འཕྲུལ་རིག་ ནུས་པ་ཡོདཔ་ བཟོ་ནི་གི་དོན་ལུ་ རྒྱབ་སྐྱོར་འབདཝ་ཨིན་ཟེར་ཡང་ བཤད་ཡོད་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1390756
Views Today :
Total views : 5000
Who's Online :