
ཡིག་ཚང་ལས་བྱེདཔ།
སྤྱི་ཟླ་ ༧ པའི་ཚེས་ ༡ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཞུགས་རིམ་ ༢༤ པའི་ནང་ འབྲུག་གི་གདམ་ཁ་ཅན་གྱི་ འཁོན་འདུམ་ (འཕྲི་སྣོན) དཔྱད་ཡིག་ ༢༠༢༤ ཅན་མའི་གུ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༤ པའི་ནང་ ཁྲིམས་དོན་ཚོགས་ཆུང་གི་ འགོ་འཛིན་ཐོག་ལས་ གསུང་གྲོས་གནང་སྟེ་ ཆ་འཇོག་གྲུབ་པའི་ཤུལ་ལས་ རྒྱལ་ཡོངས་ཚོགས་འདུ་ལུ་ ཕུལ་ཡོདཔ་ཨིན་པས།
དེ་བསྒང་ རྒྱལ་ཡོངས་ཚོགས་སྡེའི་ ཁ་ཐུག་ལས་ དོན་ཚན་ ༡༦༠ དེ་ཅིག་ འཕྲི་སྣོན་མཛད་དེ་ ཕུལ་ཡོད་རུང་ རྒྱལ་ཡོངས་ཚོགས་འདུ་གིས་ དོན་ཚན་ ༡༠༢ དེ་ཅིག་ འཕྲི་སྣོན་མཛད་དེ་ཡོདཔ་ད་ དོན་ཚན་ ༨༡ དེ་ཅིག་ རྒྱལ་ཡོངས་ཚོགས་སྡེའི་ འཕྲི་སྣོན་ལུ་ ངོས་ལེན་མཛད་ཐོག་ལས་ དོན་ཚན་ ༣ གསར་བཙུགས་མཛད་ནུག།
དཔྱད་ཡིག་འགོ་འཛིན་པ་ ཁྲིམས་དོན་ཚོགས་ཆུང་གི་ཁྲི་འཛིན་ གསར་སྤང་རྫོང་ཁག་གི་ འཐུས་མི་གིས་ ་དཔྱད་ཡིག་གུ་ བསྐྱར་གྲོས་ཀྱི་ རྒྱབ་ཁུངས་བཀོད་མིའི་ནང་ ཚོགས་ཆུང་གིས་ རྒྱལ་ཡོངས་ཚོགས་འདུའི་འཕྲི་སྣོན་ དོན་ཚན་ ༦༡ དེ་ཅིག་ ངོས་ལེན་མཛད་དེ་ཡོདཔ་ད་ དོན་ཚན་ ༣༨ དེ་ཅིག་ རྒྱལ་ཡོངས་ཚོགས་སྡེའི་འཕྲི་སྣོན་ རང་འཇགས་སྦེ་ བཞག་སྟེ་ཡོད་ཟེར་ཨིན་པས།
དེ་གི་ཤུལ་ལས་ ཚོགས་ཆུང་གིས་ དགག་ཆ་དང་ ངོས་ལེན་གྲུབ་ཡོད་མི་ གནད་དོན་ཚུ་གུ་ རེ་རེ་བཞིན་དུ་སྦེ་ ཚོགས་དམངས་ཀྱིས་ ཐུགས་འཆར་ཚུ་ བཀོད་པའི་ཤུལ་ལས་ ཚོགས་ཁང་གིས་ དོན་ཚན་ ༦༠ དེ་ཅིག་ རྒྱལ་ཡོངས་ཚོགས་འདུའི་འཕྲི་སྣོན་ ངོས་ལེན་མཛད་ཡོད་རུང་ དོན་ཚན་ ༣༩ དེ་ཅིག་ རྒྱལ་ཡོངས་ཚོགས་སྡེའི་འཕྲི་སྣོན་ རང་འཇགས་བཞག་དགོཔ་དང་ དོན་ཚན་ ༡ དཔྱད་ཡིག་གི་ དོན་ཚན་རང་འཇགས་བཞག་དགོཔ་སྦེ་ ཆ་འཇོག་གྲུབ་ནུག།
དེ་འབདཝ་ལས་ དོན་ཚན་ ༤༠ དེ་ཅིག་ ཚོགས་ཁང་གཉིས་ཀྱི་བར་ན་ མོན་མཐུན་མ་བྱུང་པ་ལུ་བརྟེན་ཏེ་ འབྲུག་གི་གདམ་ཁ་ཅན་གྱི་ འཁོན་འདུམ་ (འཕྲི་སྣོན) དཔྱད་ཡིག་ ༢༠༢༤ ཅན་མ་འདི་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༡༣ པའི་ དོན་ཚན་ ༨ པ་ལྟར་དུ་ སྤྱི་ཚོགས་ལྷན་བཞུགས་ འཚོགས་ནིའི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀའི་གནང་བ་ཞུ་ནི་གི་ ཡིག་ཆ་ཚུ་ གྲ་སྒྲིག་འབད་དགོ་པའི་ བཀོད་རྒྱ་གནང་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1394989
Views Today :
Total views : 5000
Who's Online :