
བི་བི་སི།
བོད་ལས་བྲོས་ཟུར་མཛད་མི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་མཆོག་གིས་ ཁོ་ར་དགོངས་པ་རྫོགས་པའི་ཤུལ་ལུ་ བཤུལ་འཛིན་ཅིག་ཡོད་ཟེར་ གསུངས་གནང་ཡོདཔ་ལས་ མི་ལོ་ ༦༠༠ འཁོར་བའི་ གཙུག་སྡེ་མེདཔ་ འགྱོ་ནི་བཟུམ་ཅིག་ཡོད་པའི་ ཚ་གྱང་དང་འབྲེལ་ཏེ་ མི་མང་ག་ར་ བློ་བདེ་ཏོག་ཏོ་སོང་ནུག།
དེ་ཡང་ སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ དྷ་རམ་ས་ལའི་ ཁྲོམ་ཚོགས་ནང་ ཆོས་ཕྱོགས་ཀྱི་ འགོ་ཁྲིདཔ་ཚུ་དང་ ཞལ་འཛོམས་ཅིག་ ཚོགས་གནང་པའི་སྐབས་ལུ་ མཐོང་ཐོས་གསུང་འཕྲིན་ཅིག་གི་ཐོག་ལས་ གཙུག་སྡེ་དེ་ འཕྲོ་རྒྱུན་མཐུད་ནི་ཨིན་པའི་སྐོར་ལས་ ང་གིས་ ཏན་ཏན་སྦེ་ བཤད་དོ་ཟེར་ གསུངས་ཡོདཔ་ཨིན་པས།
དེ་མ་ཚད་ སྐྱབས་མགོན་མཆོག་གིས་ ཁོ་རའི་ཡིག་ཚང་གི་ འཐུས་མི་ཚུ་གིས་ བོད་ཆོས་ཀྱི་དབུ་ཁྲིད་ཚུ་དང་ ཆོས་ཕྱོགས་འགོ་ཁྲིདཔ་ གཞན་ཚུ་དང་གཅིག་ཁར་ གྲོས་བསྟུན་ཐོག་ལས་ འདས་པའི་ལམ་ལུགས་དང་འཁྲིལ་ཏེ་ བཤུལ་འཛིན་ཅིག་ འཚོལ་ཞིབ་འབད་དེ་ ངོས་འཛིན་འགྲུབ་འོང་ཟེར་ གསུངས་གནང་ནུག།
རྒྱ་ནག་ལུ་དམིགས་པའི་ མཐོང་ཚུལ་ཅན་གྱི་ བརྡ་འཕྲིན་ཅིག་ནང་ གནད་དོན་འདི་ཁར་ ག་གིས་ཡང་ བར་དཀྲུགས་འབད་ནི་གི་ དབང་ཚད་མེད་ཟེར་ཡང་ གསུངས་ཡོདཔ་ཨིན་པས།
སྐྱབས་མགོན་ཏ་ལའི་བླ་མ་མཆོག་ རྒྱ་ནག་གིས་ བོད་དབང་མི་ལུ་ ངོ་རྒོལ་གྱི་ བྱེལཝ་ཐོན་པའི་ཤུལ་ལས་ སྤྱི་ལོ་ ༡༩༥༩ ལུ་ རྒྱ་གར་གྱི་ ས་མཚམས་བརྒྱུད་དེ་ བྲོས་ཟུར་ཐོག་ལས་ དྷ་རམ་ས་ལ་ལུ་ ཟུར་བཞུགས་ཀྱི་ བོད་གཞུང་བཙུགས་གནང་ཞིནམ་ལས་ཚུར་ བོད་རྒྱལ་ཁབ་དེ་ རྒྱ་ནག་གིས་ དབང་ཁྱབ་འོག་ལུ་ཡོདཔ་ལས་ རྒྱ་ནག་ལུ་ མ་དགའ་མི་ཚུ་གི་དོན་ལས་ དབང་ཤུགས་ཀྱི་ འབྱུང་ཁུངས་བཟུམ་ཅིག་སྦེ་ བརྩི་དོ་ཡོདཔ་སྦེ་བཀོད་ནུག།
བཤུལ་འཛིན་གྱི་ གསལ་བསྒྲགས་དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༣༠ ལུ་ རྒྱ་གར་གྱི་ བློན་པོ་དག་པ་ཅིག་གིས་གཙོས་པའི་ མགྱོནམོ་ ༧,༠༠༠ དེ་ཅིག་གིས་ གྲལ་གཏོགས་ཐོག་ལུ་ འཛམ་གླིང་ཞི་བདེའི་ རྟགས་མ་བཞེས་མི་ སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ དགུང་ལོ་ ༩༠ བཞེས་པའི་ དུས་སྟོན་སྐབས་ལུ་ གནང་ཡོདཔ་སྦེ་ཨིན་པས།
བོད་ཀྱི་གནས་ཚད་སྐོར་ལས་ སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ རྒྱ་ནག་ནང་འཁོད་ལུ་ རང་སྐྱོང་ངོ་མའི་ གནས་ཚད་ཀྱི་དོན་ལས་ དུས་གཏན་འཇགས་ དབུ་མའི་གནས་རིམ་ཐོག་ལས་ ཕྱག་ལཱ་ཚུ་ གནང་ཡོད་རུང་ རྒྱ་ནག་གིས་འབད་བ་ཅིན་ བོད་མི་ཚུ་གི་ འཚོ་བའི་གནས་སྟངས་ལུ་ ལེགས་སྒྱུར་ཐོན་ཏེ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1395388
Views Today :
Total views : 5000
Who's Online :