
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༧ པའི་ཚེས་ ༢ དང་ ༣ གྱི་ ནང་འཁོད་ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ པེ་ལིཛ་ཊིན་གྱི་ མི་སེར་ ༣༠༠ ལྷགཔ་ཅིག་ དམར་བསད་འབད་ཡོདཔ་སྦེ་ ག་ཟའི་གཞུང་འབྲེལ་བརྡ་བརྒྱུད་ཡིག་ཚང་ལས་ བཤད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༣ ལུ་ ག་ཟ་ཁྲོམ་ཚོགས་ཀྱི་ ས་ཁོངས་མ་འདྲཝ་ཚུ་ནང་ དུས་ཡུན་ཆུ་ཚོད་ ༢༤ གི་ ནང་འཁོད་ལུ་ མི་གྲངས་ ༡༡༨ དམར་བསད་དང་ གཞན་མི་ ༥༨༡ ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ དེ་ཚེ་དྲོ་པ་ གྲོགས་རམ་ས་ཁོངས་ཚུ་ནང་ གྲོགས་རམ་འཚོལ་མི་ ༣༣ གྱིས་གཙོས་པའི་ མི་གྲངས་ ༧༣ ཡང་ དམར་བསད་འབད་ནུག།
དེ་བཟུམ་སྦེ་ ཨཱལ་མ་ཝ་སི་ཟེར་སར་ཡོད་པའི་ སྡོད་སྒར་ཚུ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༣ དང་ མུཛ་ཏ་ཕ་ཧ་ཕིཛ་ སློབ་གྲྭའི་ནང་ མི་གྲངས་ ༡༦ དམར་བསད་འབད་ཡོདཔ་ཨིན་པས།
ཨིཛ་རེལ་གྱི་ དམག་མི་ཚུ་གིས་ གནོད་འཚུབ་དེ་ཡང་ སྔ་གོང་གི་ཉེན་བརྡ་ཚུ་ ག་ནི་ཡང་མེད་པར་ བཀལ་ཡོདཔ་མ་ཚད་ ཀྲོབ་མདའ་ཚུ་ཡང་ མི་སྤུངས་སྡོད་སར་ རྐྱབ་ཡོདཔ་སྦེ་ བཟའ་འཐུང་གྲོགས་རམ་གྱི་དོན་ལུ་ བསྒུགས་སྡོད་མི་ཚུ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1432933
Views Today :
Total views : 5000
Who's Online :