
རོའི་ཊརཛ།
སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ ཡུ་ཨེཛ་གི་ ནང་འཁོད་སྲུང་སྐྱོབ་ལས་ཁུངས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་ལུ་ཡོད་མི་ རྒྱལ་ཁབ་ཁག་གི་ མི་སེར་ཚུ་ ལྷོ་ཨ་ཕི་རི་ཀའི་ས་གནས་ ཨེཛ་ཝ་ཏི་ནི་ཟེར་སར་ གནམ་གྲུའི་ཐོག་ལས་ བསྐྱལ་ཡི་ཟེར་ཨིནམ་དང་ དེ་ཡ་ ཡུ་ཨེཛ་མངོན་མཐོ་ཁྲིམས་འདུན་ལས་ ཡུ་ཨེཛ་ལུ་ ནང་བསྐྱོད་འབད་དེ་ སྡོད་མི་ཚུ་ ཕྱིར་བཏོན་འབད་ནི་མེད་པའི་ བཀག་དམ་གུ་ཡངས་བཏང་བའི་ཤུལ་ལུ་ བསྐྱལ་ཡི་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་ ༦ པ་ མཇུག་བསྡུ་ཁམས་ལུ་ ཡུ་ཨེཛ་མངོན་མཐོ་ཁྲིམས་འདུན་ལས་ ཡུ་ཨེཛ་ལུ་ ནང་བསྐྱོད་འབད་དེ་སྡོད་མི་ ཕྱི་མི་ཚུ་ ཡུ་ཨེཛ་གཞུང་གི་ཁ་ཐུག་ལས་ ཁོང་རའི་རྒྱལ་ཁབ་མིན་མི་ རྒྱལ་ཁབ་གཞན་ལུ་ གནོད་ཉེན་ཚུ་གི་སྐོར་ལས་ ག་ནི་ཡང་ མ་བཤད་པར་ ཕྱིར་བཏོན་འབད་ཆོག་པའི་ གནང་བ་གྲོལ་ནུག།
ཡུ་ཨེཛ་གི་ ནང་འཁོད་སྲུང་སྐྱོབ་ལས་ཁུངས་ཀྱིས་ བཤད་ནོ་བཟུམ་འབད་བ་ཅིན་ ཕྱིའི་རྒྱལ་ཁབ་ཁག་གི་ མི་སེར་ཚུ་ སྤྱོད་ངན་ཚབས་ཆེན་ལུ་བརྟེན་ཏེ་ རང་སོའི་རྒྱལ་ཁབ་ནང་ ལོག་ལེན་མ་བཏུབ་མི་ཚུ་ ལྷོ་ཨ་ཕི་རི་ཀའི་ས་གནས་ ཨེཛ་ཝ་ཏི་ནི་ལུ་ གནམ་གྲུའི་ཐོག་ལས་ བསྐྱལ་ཡི་ཟེར་ཨིནམ་ད་ ཁོང་གི་གྲས་ཁར་ ཝེཊ་ནཱམ་དང་ ཇ་མའི་ཀ་ ཀིའུ་བ་ དེ་ལས་ ཡེ་མེན་རྒྱལ་ཁབ་ཚུ་ལས་ ཨ་ལོ་ལུ་ དབང་བཙོང་འདོད་སྤྱོད་འབད་མི་དང་ རྐུ་བསད་རྐྱབ་མི་ ༥ ཡང་ཡོདཔ་ཨིན་པས།
ཡུ་ཨེཛ་གི་ ཕྱི་མི་ནང་བསྐྱོད་འགོ་དཔོན་ཚུ་གིས་ ཆུ་ཚོད་ ༦ གི་ སྔ་གོང་ལུ་ ཉེན་བརྡ་སྤེལ་ཐོག་ལས་ ཕྱི་མི་ནང་བསྐྱོད་འབད་མི་ ཕྱི་མི་ཚུ་ རྒྱལ་ཁབ་གཞན་ཁར་ ཕྱིར་བཏོན་འབད་ཆོགཔ་སྦེ་ གསལ་བཀོད་འབད་ནུག།
དེ་སྦེ་ རང་སོའི་རྒྱལ་ཁབ་ནང་མིན་པར་ རྒྱལ་ཁབ་གཞན་ཁར་ ཕྱིར་བཏོན་འབད་ནི་དེ་ཡང་ རྒྱལ་ཁབ་གཞན་མི་དེ་གིས་ ཕྱིར་བཏོན་བཏང་མི་དེ་ སྡུག་སྦྱོང་མི་གཏང་ནི་ཨིནམ་སྦེ་ ཁས་ལེན་གྲུབ་མི་ཚུ་ནང་ བསྐྱལ་ཡོདཔ་སྦེ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 177
Users Yesterday : 1755
This Month : 177
This Year : 163861
Total Users : 521838
Views Today : 259
Total views : 1663192
Who's Online : 10