
སི་ཨེན་ཨེན།
ཨཱཕ་གྷ་ནིཛ་ཏཱན་ལུ་ ཏ་ལི་བཱན་གྱིས་ གཞུང་བཙུགས་པའི་ཤུལ་ལས་ ཨཱཕ་གྷ་ནིཛ་ཏཱན་གྱི་ མི་སེར་ ༡༩,༠༠༠ དེ་ཅིག་ལུ་ གཞུང་གིས་ སྡུག་སྦྱོང་གཏང་ནི་སྦེ་ཡོདཔ་ལས་ བི་རི་ཊེན་ལུ་ སྐྱབས་བཅོལ་བའི་དོན་ལས ཞུ་བ་འབད་མི་ཚུ་གི་ གནས་སྡུད་ཚུ་ བི་རི་ཊེན་གྱིས་ གསང་ཞིབ་འབད་དེ་ ཨཱཕ་གྷན་གྱི་ མི་སེར་ལེ་ཤ་ཅིག་ བི་རི་ཊེན་གྱིས་ ལེན་ཡོདཔ་ཨིན་པས།
དེ་ཡང་ བི་རི་ཊེན་གྱིས་ གསང་བའི་ལས་འཆར་ཅིག་ གཞི་བཙུགས་འབད་དེ་ མི་སེར་རང་སོའི་ སྒེར་དོན་ཁ་གསལ་ཚུ་ འཚོལ་ཞིབ་འབདཝ་ད་ ཨཱཕ་གྷན་གྱི་ མི་སེར་ལེ་ཤ་ཅིག་ལུ་ ཏ་ལི་བཱན་གཞུང་གིས་ སྡུག་སྦྱོང་གཏང་ནི་གི་ ཉེན་ཁ་ཡོད་པའི་ ཤེས་གསལ་བྱུངམ་ལས་ བི་རི་ཊེན་གྱི་ ཧེ་མའི་གཞུང་གིས་ གཞི་བཙུགས་འབད་ཡོད་མི་ གསང་བའི་ལས་འཆར་གྱི་དོན་ལུ་ ཌོ་ལར་ཐེར་འབུམ་ ༢.༧ དེ་ཅིག་ ཟད་འགྲོ་བཏང་ནུག།
གསང་བའི་ལས་འཆར་དེ་དང་ གནས་སྡུད་ལ་ལོ་ཅིག་ སྤྱི་ལོ་ ༢༠༢༢ ལུ་ ཐེངས་གཅིག་ཕྱི་ཁར་ཤོར་ཡོདཔ་ལས་ གདོང་དེབ་ཕེཛ་བུག་ནང་ཡང་ བཀོད་པའི་ཤུལ་ལུ་ གཞུང་གིས་ གནས་སྡུད་བཀག་དམ་འབད་རུང་ ད་རེས་ སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ ཁྲིམས་འདུན་ལས་ གུ་ཡངས་བཏང་ཡོདཔ་ཨིན་པས།
བི་རི་ཊེན་གྱིས་ལེན་མི་ ཨཱཕ་གྷན་གྱི་ མི་ལེ་ཤ་ཅིག་ར་ ཧེ་མ་ བི་རི་ཊེན་གྱི་དམག་སྡེ་ལུ་ རྒྱབ་སྐྱོར་འབད་མི་ ཆེ་རིམ་དམག་མིའི་ འགོ་དཔོན་ཚུ་དང་ བཟའ་ཚང་ཚུ་ཡོདཔ་ད་ བི་རི་ཊེན་གྱི་ དམག་མི་ཚུ་ སྤྱི་ལོ་ ༢༠༢༡ ལོར་ ཨཱཕ་གྷ་ནིཛ་ཏཱན་ལས་ ཕྱིར་བཏོན་འབད་ནུག།
བི་རི་ཊེན་གྱི་ སྲུང་སྐྱོབ་བློན་པོ་ ཇཱོན་ཧི་ལི་གིས་འབད་བ་ཅིན་ ཨཱཕ་གྷ་ནིཛ་ཏཱན་གྱི་ མི་སེར་ ༤,༥༠༠ དེ་ཅིག་དང་ ཁོང་གི་བཟའ་ཚང་ཚུ་ལུ་ སྐྱབས་བཅོལ་བའི་ གོ་སྐབས་སྤྲོད་དེ་ཡོདཔ་ད་ ལ་ལོ་ཅིག་ བི་རི་ཊེན་ལུ་ ལྷོད་ཡོད་རུང་ ལ་ལོ་ཅིག་ ད་རེས་ འགྲུལ་བསྐྱོད་ཐོག་ལུ་ཡོད་ཟེར་ཨིན་པས།
ད་རེས་ སྐྱབས་བཅོལ་བའི་ ཆོག་ཐམ་སྤྲོད་ཡོད་མི་ཚུ་མ་གཏོགས་ ཨཱཕ་གྷན་གྱི་ མི་སེར་གཞན་ཚུ་ལུ་ ཏ་ལི་བཱན་གཞུང་གིས་ ཉེན་ཁ་བཀལ་ནི་གི་ སྒྲུབ་བྱེད་མེདཔ་ལས་ སྐྱབས་བཅོལ་བ་སྦེ་ མི་ལེན་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1391724
Views Today :
Total views : 5000
Who's Online :