
པདྨ་དབང་འདུས།
འབྲུག་དང་ རྒྱ་པཱན་གྱི་བར་ན་ མཐུན་ལམ་འཕྲོ་མཐུད་ཡོད་པའི་ བརྡ་མཚོན་ལུ་ འབྲུག་ནུབ་ཕྱོགས་ཀྱི་དོན་ལས་ བསྐྱར་བཅོས་ཐོག་གི་ མེ་རྐྱེན་ཉེན་སྲུང་སྣུམ་འཁོར་ལས་འགུལ་འོག་ལས་ རྒྱ་པཱན་གཞུང་གིས་ རྒྱལ་གཞུང་འབྲུག་གི་དགག་སྡེ་ལུ་ མཁོ་བྱད་ཀུན་ཚང་གི་ མེ་རྐྱེན་ཉེན་སྲུང་སྣུམ་འཁོར་ ༥ ཞལ་འདེབས་སྦེ་བྱིན་ནུག།
དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༡༧ ལུ་ སྣུམ་འཁོར་ཚུ་ རྩིས་སྤྲོད་ལེན་སྐབས་ལུ་ འབྲུག་ལུ་ རྒྱ་པཱན་གཞུང་ཚབ་ ཀེ་ཨི་ཅི་ཨོ་ནོ་དང་ རྒྱལ་གཞུང་དགག་སྡེའི་གཙོ་འཛིན་ གུང་བློན་འོགམ་ འཆི་མེད་རྡོ་རྗེ་ཚུ་ བྱོན་ཡོདཔ་ཨིན་པས།
ད་རེས་ཀྱི་ སྣུམ་འཁོར་ཚུ་བརྩིས་ཏེ་ རྒྱ་པཱན་ལས་ ད་ཚུན་གྱི་བར་ན་ འབྲུག་ལུ་ མེ་རྐྱེན་ཉེན་སྲུང་སྣུམ་འཁོར་བསྡོམས་ ༣༩ བྱིན་ཡོད་མི་ལུ་ བསྐྱར་བཅོས་དང་ སྐྱེལ་འདྲེན་ཚུ་བསྡོམས་ཏེ་ ཡུ་ཨེཛ་ཌོ་ལར་ ༢༣༡.༢༣༥ འབདཝ་ད་ དངུལ་ཀྲམ་ས་ཡ་ ༡༩,༡༩.༥༥༣ དེ་ཅིག་གནས་ནུག།
སྣུམ་འཁོར་ཚུ་ཡང་ འབྲུག་ནུབ་ཕྱོགས་ཀྱི་ མེ་རྐྱེན་ཉེན་སྲུང་དང་ གློ་བུར་གདོང་ལན་གྱི་ ལྕོགས་གྲུབ་ཡར་དྲག་དོན་ལས་ ཐིམ་ཕུ་དང་ སྤ་རོ་ སྤུ་ན་ཁ་ཚུ་ནང་ བཞག་ནི་ཨིན་པས།
རྒྱལ་གཞུང་དགག་སྡེའི་ ཁ་ཐུག་ལས་ སྣུམ་འཁོར་ཚུ་ མི་མང་གི་ ཉེན་སྲུང་བཙན་ཐབས་ལུ་དང་ གློ་བུར་གྱི་ རྐྱེན་ངན་སྐབས་ལུ་ གྲ་སྒྲིག་གི་དོན་ལས་ རྒྱ་པཱན་གཞུང་གིས་ ཡུན་རིང་མཉམ་འབྲེལ་དང་ གཏོང་ཕོད་ཅན་གྱི་ ཞལ་འདེབས་གནང་མི་ལུ་ སེམས་ཀྱི་གདིང་ལས་ར་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོད་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1390756
Views Today :
Total views : 5000
Who's Online :