
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ ཡུ་ཨེཛ་གི་ ཀོ་ལོམ་བི་ཡ་ གཙུག་ལག་སློབ་སྡེ་གིས་ ག་ཟ་ལུ་ ཨིཛ་རེལ་གྱི་ ཕྱད་མདའི་རྒྱབ་འགལ་ལུ་ ངོ་རྒོལ་འགྲེམ་སྟོན་འབད་མི་ སློབ་ཕྲུག་མང་རབས་ཅིག་ལུ་ སློབ་སྡེ་ལས་ ཕྱིར་བཏོན་དང་ རང་སོའི་ཆོས་ཚན་ལས་ མཚམས་འཇོག་འབད་ནི་དང་འབྲེལ་ཏེ་ ཉེས་བྱ་ཚབས་ཆེན་ བཀལ་ཡོདཔ་ཨིན་པས།
ཀོ་ལམ་བི་ཡ་ གཙུག་ལག་སློབ་སྡེའི་ ཨེ་པར་ཐེཌ་ ཌའི་ཝེཊ་ཟེར་མི་ ངོ་རྒོལ་འགྲེམ་སྟོན་སྡེ་ཚན་གྱིས་ ཨིཛ་རེལ་དང་གཅིག་ཁར་ བཀག་དམ་འབད་དགོ་པའི་ བརྗོད་དོན་བཀོད་ཡོདཔ་ད་ ད་ཚུན་ འགྲེམ་སྟོན་དེ་ནང་ གྲལ་གཏོགས་འབད་བའི་ ཉེས་པ་ལུ་བརྟེན་ཏེ་ སློབ་ཕྲུག་ ༨༠ དེ་ཅིག་ ལོ་ངོ་ ༣ གྱི་རིང་ལུ་ སློབ་སྡེའི་ནང་ལས་ མཚམས་འཇོག་དང་ ཡང་ཅིན་ ཕྱིར་བཏོན་འབད་ནུག།
གཙུག་ལག་སློབ་སྡེ་དེ་གིས་ བརྗོད་དོན་ཅིག་ གསལ་བསྒྲགས་འབད་མིའི་ནང་ འཕྲལ་ཁམས་ཅིག་ཁར་ ཉེས་བྱ་བཀལ་མི་ སློབ་ཕྲུག་ཚུ་གིས་ དུས་ཅི་ སྤྱི་ཟླ་ ༥ པ་ནང་ བཱཊ་ལར་དཔེ་མཛོད་ཁང་ནང་ བར་ཆད་རྐྱབ་མི་ལུ་བརྟེན་ཏེ་ཨིནམ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
དེ་མ་ཚད་ བསླབ་སྟོན་གྱི་ལས་དོན་ཚུ་ལུ་ བར་ཆད་རྐྱབ་ནི་དེ་ གཙུག་ལག་སློབ་སྡེའི་ སྲིད་བྱུས་དང་ སྒྲིག་གཞི་ཚུ་ལས་ འགལ་བ་ཨིནམ་ལས་ དེ་བཟུམ་མའི་ ལཱ་ངན་ལུ་ དགོས་དོན་ཡོད་པའི་ ཉེས་པ་སྨིན་ཆོག་ཟེར་བཀོད་ནུག།
ཨེ་པར་ཐེཌ་ ཌའི་ཝེཊ་ཟེར་མི་ ངོ་རྒོལ་འགྲེམ་སྟོན་སྡེ་ཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གིས་ དཔའ་མ་ཞུམ་པར་ པེ་ལེཛ་ཊིན་གྱི་ རང་དབང་གི་དོན་ལུ་ བརྩོན་ཤུགས་བསྐྱེད་ནི་གི་ ཁས་ལེན་ཡོད་ཟེར་ཨིན་པས།
སྤྱི་ལོ་ ༢༠༢༤ ལུ་ ཀོ་ལམ་བི་ཡ་ གཙུག་ལག་སློབ་སྡེའི་ནང་ སློབ་ཕྲུག་ཚུ་གིས་ པེ་ལིཛ་ཊིན་གྱི་ རྒྱབ་སྐྱོར་ལུ་ འགྲེམ་སྟོན་འབད་བའི་ཤུལ་ལས་ རྒྱལ་སྤྱིའི་གནས་རིམ་ནང་ དེ་བཟུམ་མའི་ འགྲེམ་སྟོན་ཚུ་ ལག་ལེན་འཐབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 1514
Users Yesterday : 1364
This Month : 1514
This Year : 181417
Total Users : 893233
Views Today : 2426
Total views : 2625727
Who's Online : 7