
སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་གྱི་ སྲུང་སྐྱོབ་ལྷན་ཁག་ ས་མཚམས་འཁོར་ལམ་གྱི་ ཡོངས་ཁྱབ་མདོ་ཆེན་ གུང་བློན་ར་གུ་སི་རི་ནི་ཝ་སན་དང་ མཇལ་ཕྲད་མཛད་གནང་ནུག།
ས་མཚམས་འཁོར་ལམ་གྱིས་ རྒྱ་གར་གྱི་ ས་མཚམས་བདའ་སྟེ་དང་ ཁྱིམ་ཚང་རྒྱལ་ཁབ་ དག་པ་ཅིག་གི་ འཁོར་ལམ་ཡོངས་འབྲེལ་ཚུ་ གོང་འཕེལ་བཏང་སྟེ་ རྒྱུན་སྐྱོང་འཐབ་དོ་ཡོདཔ་ཨིན་པས།
དེ་ཡང་ ས་མཚམས་འཁོར་ལམ་གྱི་ འཛིན་སྐྱོང་ལས་འགུལ་ དཱན་ཏག་དེ་ སྤྱི་ལོ་ ༡༩༦༡ ལུ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།