
བི་བི་སི།
སྤྱི་ཟླ་ ༧ པའི་ཚེས་ ༣༠ ལུ་ རྒྱ་གར་དང་ ཡུ་ཨེཛ་རྒྱལ་ཁབ་ ༢ མཉམ་འབྲེལ་ཐོག་ལས་ ཨ༌རྟག་དང་མ་འདྲ་བའི་ འཕྲུལ་སྐར་ཅིག་ གོང་འཕེལ་བཏང་སྟེ་ གནམ་ཁར་བཏང་ཡོདཔ་ད་ འཕྲུལ་སྐར་ནི་ས་ཟེར་མི་དེ་གིས་ འཛམ་གླིང་གི་ས་ཆ་དང་ རྒྱ་མཚོ་ ཁྱེགས་ལ་སོགས་པ་ཚུ་ལུ་ འགྱུར་བ་ཆུང་ཀུ་རེ་ ཐོན་མི་ཚུ་ག་ར་ བརྟག་དཔྱད་འབད་དེ་ གནད་སྡུད་ཚུ་ ས་ཁར་བསྐྱལ་ནི་ཨིན་པས།
དེ་ཡང་ རྒྱ་གར་གྱི་ མཁའ་དབྱིས་ལས་སྡེ་ ཨིཛ་རོ་དང་ ཡུ་ཨེཛ་གི་ ནཱ་ས་ ༢ ཀྱིས་ གོང་འཕེལ་ཐོག་ལས་ གནམ་ཁར་བཏང་མི་ འཕྲུལ་སྐར་དེ་གིས་ འཛམ་གླིངསྤྱིར་བཏང་་ལུ་ ཁེ་ཕན་འབྱུང་ནི་ཨིནམ་སྦེ་བཀོད་ནུག།
ལྗིད་ཚད་ཀེ་ཇི་ ༢,༣༩༢ འབད་མི་ འཕྲུལ་སྐར་དེ་ རྒྱ་གར་ས་ཏིཤ་དྷ་ཝཱན་ མཁའ་དབྱིངས་ལྟེ་བ་ལས་ གནམ་ཁར་བཏང་ཡོདཔ་ད་ ད་རེས་ འཕྲུལ་སྐར་ ༢༤ ལྷགཔ་ཅིག་ གནམ་ཁར་བཏང་མི་ ཡུ་ཨེཛ་ནཱ་ས་ལས་སྡེ་གིས་ འཕྲུལ་སྐར་ནི་སར་དེ་ ད་ཚུན་ གོང་འཕེལ་བཏང་མི་ འཕྲུལ་སྐར་ཚུ་དང་ཕྱདཔ་ད་ ག་ནི་བ་ཡང་ མགུ་རྙོགས་དྲགས་ཅན་གྱི་་་་་་ འཕྲུལ་སྐར་ཅིག་སྦེ་ འཛམ་གླིང་ནང་ འགྱུར་བ་ཕྲ་རབ་ཚུ་ཡང་ བདའ་ཟུན་ཚུགས་པའི་ འཕྲུལ་སྐར་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
ནཱ་ས་དང་ ཨིཛ་རོ་གིས་ འཕྲུལ་སྐར་ནི་ས་གིས་ འཛམ་གླིང་པད་སྐོར་བསྒྱིར་ཏེ་ ཉིན་གྲངས་ ༡༢ རེ་ལུ་ འགོ་བཙུགས་ས་གོ་ནང་ ལོག་ལྷོད་ནི་དང་ འཕྲུལ་སྐར་དེ་གིས་ ས་ཆ་དང་ ཁྱེགས་ མཚོ་འགྲམ་ཚུ་གི་ འགྱུར་བ་ཚུ་ སེན་ཊི་མི་ཊར་གཅིག་ར་འཐོན་རུང་ བདའ་ཟུན་ཚུགསཔ་སྦེ་བཀོད་ནུག།
འཕྲུལ་སྐར་ནི་ས་གིས་ རང་བཞིན་དང་ འགྲོ་བ་མིའི་ ལཱ་ཚུ་ལུ་བརྟེན་ཏེ་ འཛམ་གླིང་གི་ས་ཆ་ལུ་ འགྱུར་བ་ཐོནམ་ཐོན་སར་ཡོད་མི་ཚུ་ ལོག་ཅི་ལོག་ཅི་ར་ དཔར་ལེན་ཐོག་ལས་ གནད་སྡུད་བརྟག་དཔྱད་འབད་དེ་ ས་ཁར་སྐྱེལ་མི་དེ་གིས་ གནམ་གཤིས་འགྱུར་བའི་ གནོད་པ་ཚུ་བརྩིས་ཏེ་ རྐྱེན་ངན་འཛིན་སྐྱོང་ཚུ་གི་ གྲ་འགྲིག་ལུ་ ཁེ་ཕན་སྦོམ་ར་ འབྱུང་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1391637
Views Today :
Total views : 5000
Who's Online :