
བི་བི་སི།
སྤྱི་ཟླ་ ༨ པའི་ཚེས་ ༡༨ ལུ་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ པ་ཀིཛ་ཏཱན་གྱི་ ནུབ་བྱང་རྫོང་ཁག་ཅིག་ནང་ ཆརཔ་མ་ཆདཔ་སྦེ་ རྐྱབ་ནི་དེ་གིས་ ཆུ་རུད་ཐོན་མིའི་ནང་ མི་གྲངས་ ༢༠༠ ལྷགཔ་ཅིག་ བྱང་སྟོར་ཤོར་ཡོདཔ་སྦེ་ཨིན་པས།
དེ་ཡང་ པ་ཀིཛ་ཏཱན་དང་ པ་ཀིཛ་ཏཱན་གྱི་ བདག་སྐྱོང་འོག་ལུ་ཡོད་མི་ ཀཤ་མིར་ལུང་ཕྱོགས་ནང་ ཉིན་གྲངས་དག་པ་ཅིག་གི་རིང་ལུ་ ཆརཔ་རྐྱབ་ནི་དོ་གིས་ ཆུ་རུད་སྦོམ་སྦེ་ར་ ཐོན་ཡོདཔ་ལས་ གངས་རི་ཅན་གྱི་མངའ་སྡེ་ ཁེ་བཱར་པག་ཏཱུན་ཝ་ཟེར་སར་ མི་གྲངས་ ༣༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
ས་གནས་ཀྱི་ འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ བུ་ནར་རྫོང་ཁག་ལུ་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ མི་གྲངས་ ༢༠༩ དེ་ཅིག་ ད་ལྟོའི་བར་ན་ཡང་ འཚོལ་མ་ཐོབ་པར་ཡོད་པའི་གུ་ ཤི་རྐྱེན་དེ་ ཡར་སེང་འགྱོ་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།
སྲོག་སྐྱབས་སྡེ་ཚན་གྱིས་ ངོས་འཛིན་འབད་མ་ཚུགས་མི་ ཕུངམོ་ ༨ དེ་ཅིག་ ས་དོང་ནང་ བཙུགས་ཡོདཔ་ད་ དེ་ཡང་ འཁོར་ལམ་ཚུ་ལུ་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ ནང་མི་བཟའ་ཚང་ཚུ་ ཕུངམོ་ཚུ་ལེན་པར་ ལྷོད་མ་ཚུགས་ནི་དེ་གིས་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1392863
Views Today :
Total views : 5000
Who's Online :