ཀུ་ཝེཊ་ལུ་ ཁྲིམས་འགལ་ཐོག་ལས་ ཆང་བཟོ་སྟེ་བཙོང་མི་ མི་གྲངས་ ༦༧ འཛིན་བཟུང་།

ཨཱལ་ཇ་ཟི་ར།

ཀུ་ཝེཊ་དབང་འཛིན་ཚུ་གིས་ འདས་པའི་ཉིན་གྲངས་དག་པ་ཅིག་ནང་ ཆང་བཟོ་སྟེ་བཙོང་མི་ མི་གྲངས་ ༦༧ འཛིན་བཟུང་འབད་ཡོདཔ་ད་ དེ་ཡང་ མི་གྲངས་ ༢༣ དེ་ཅིག་ལུ་ ཆང་དེ་གིས་སྦེ་ ཤི་རྐྱེན་བྱུང་མི་ལུ་བརྟེན་ཏེ་ འཛིན་བཟུང་འབད་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༡༧ ལུ་ ནང་སྲིད་ལྷན་ཁག་ལས་ དེ་བཟུམ་མའི་ བྱ་ངན་འབད་མིའི་ནང་ འགོ་ཁྲིདཔ་དེ་ར་ བང་ལ་དེཤ་གི་ མི་ཁུངས་ཨིན་པའི་ གསལ་བཤད་འབད་ནུག།

དེ་ལས སྤྱི་ཟླ་ ༨ པའི་ཚེས་ ༡༦ ལུ་ཡང་ བཟོ་གྲྭ་འཕྲུལ་ཁང་ ༤ དང་ སྡོད་ཁྱིམ་ས་ཁོངས་དང་ བཟོ་གྲྭ་འཕྲུལ་ཁང་གི་ ས་ཁོངས་ཚུ་ནང་ ལག་ལེན་ཐོག་ལུ་མེད་མི་ ཆང་བཟོ་འཕྲུལ་ཁང་ ༤ ཡང་ འཛིན་བཟུང་འབད་ཡི་ཟེར་ཨིན་པས།

དེ་བཟུམ་མའི་ ཉེས་ཅན་སྡེ་ཚན་གྱི་འཐུས་མི་ ནེ་པཱ་ལིའི་ མི་ཁུངས་ཅིག་གིས་ དབང་འཛིན་འགོ་དཔོན་ཚུ་ལུ་ ཆང་བཟོ་ཐངས་དང་ བཙོང་ཡོད་མི་ཚུ་གི་སྐོར་ལས་ གསལ་བཤད་འབད་ནུག།

ཀུ་ཝེཊ་དེ་ མུཛ་ལིམ་རྒྱལ་ཁབ་ཅིག་འབདཝ་ལས་ ཆང་གི་རིགས་ ནང་འདྲེན་འབད་ནི་དང་ བཟོ་བསྐྲུན་འབད་ནི་ཚུ་ བཀག་དམ་འབད་དེ་ཡོད་རུང་ ལ་ལུ་ཅིག་གིས་ ཁྲིམས་འགལ་ཐོག་ལས་ བཟོ་བསྐྲུན་འབད་མི་ལུ་བརྟེན་ཏེ་ ཉོ་སྤྱོད་འབད་མི་ཚུ་ལུ་ དུག་འཐོབ་ནི་གི་ ཉེན་ཁ་ཡོདཔ་ཨིན་པས། ཆང་དེ་ལུ་བརྟེན་ཏེ་ ཤི་རྐྱེན་བྱུང་ཚུ་ཡང་ མང་ཤོས་ཅིག་ར་ ཨེ་ཤི་ཡའི་ མི་ཁུངས་ཚུ་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: