
པདྨ་དབང་འདུས།
སྤྱི་ཟླ་ ༨ པའི་ཚེས་ ༡༨ ལུ་ འབྲུག་གི་རྒྱལ་ཡོངས་ ཨང་ཅན་ངོ་རྟགས་ཚད་འཛིན་དང་ ཨང་ཅན་ངོ་རྟགས་རིམ་ལུགས་གོང་འཕེལ་ འགོ་ཁྲིད་འབད་མི་ ཨའེ་ཌེན་ ༢ པའི་ ཚོང་སྡེ་གཉིས་ཀྱིས་ ཨང་ཅན་ངོ་རྟགས་རིམ་ལུགས་ ཕི་ནིགཛ་འགོ་བཙུགས་ནིའི་དོན་ལས་ ཐབས་བྱུས་ཅན་གྱི་ མཉམ་འབྲེལ་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ་ད་ ཕི་ནིགཛ་ཟེར་མི་དེ་ བཟོ་གྲྭའི་གན་ཚད་ཡོངས་རྫོགས་གྲུབ་མི་ མ་འོངས་སྒྲིག་གཞིའི་ དགོས་མཁོ་ཚུ་ འགྲུབ་ཚུགས་པའི་ ཨང་ཅན་ངོ་རྟགས་ཡོངས་རྫོགས་ཀྱི་ རིམ་ལུགས་ཅིག་ཨིན་པས།
མཉམ་འབྲེལ་དེ་གིས་ གསར་བཏོད་འཕྲུལ་རིག་དང་ འཛམ་གླིང་དངོས་གནས་ཀྱི་ གོམས་འདྲིས་ཅན་གྱི་ ཉམས་མྱོང་ཚུ་ གཅིག་སྒྲིལ་ཐོག་ལས་ གཞུང་ཚུ་གིས་ སྒེར་གྱི་བརྡ་དོན་ཧེ་མ་ཟེར་བའི་ ཨང་ཅན་གཞི་རྟེན་མཁོ་ཆས་ཚུ་ སྔོན་ཆད་མ་བྱུང་པའི་ ཚད་གཞི་ཁར་ ངོ་རྟགས་མེད་པའི་ མི་ཐེར་འབུམ་ ༡.༡ ལྷགཔ་ཅིག་གི་དོན་ལས་ ལག་ལེན་འཐབ་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ཚད་ མཉམ་འབྲེལ་དེ་གིས་ གོང་འཕེལ་འགྱོ་ཚར་མི་ རྒྱལ་ཁབ་དང་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཚུ་གི་ དཔལ་འབྱོར་གྱི་ ཁེ་ཕན་ཚུ་གི་ གྱངས་ཁ་བཀོད་བཏུབ་བཟོ་ནི་དང་ ཐོན་སྐྱེད་དང་ སྤུས་ཚད་ཚུ་གི་ ཡར་སེང་བཙན་ཐབས་ལུ་ཡང་ ཁེ་ཕན་འབྱུང་ནི་ཨིནམ་སྦེ་བཀོད་ནུག།
ཨང་ཅན་ངོ་རྟགས་ཀྱི་ མ་འོངས་པ་ཟེར་བའི་ ཕི་ནིགཛ་རིམ་ལུགས་དེ་གིས་ གཅིག་སྒྲིལ་ཅན་གྱི་ གྲོས་གནས་ཐོག་ལས་ ངོ་རྟགས་ཐོ་བཀོད་དང་ བདེན་དཔྱད་ འཛིན་སྐྱོང་ཚུ་ ཉེན་སྲུང་ཅན་སྦེ་ ལག་ལེན་འཐབ་ཚུགས་པའི་ ཁྱད་ཆོས་ཚུ་ཡོདཔ་ད་ གཞུང་ཚུ་གིས་ ཨང་ཅན་ངོ་རྟགས་ཀྱི་ གཞི་རྟེན་མཁོ་ཆས་ཚུ་གི་ཐོག་ལས་ འཕྲལ་མཁོ་དང་ མ་འོངས་གཉིས་ཆ་རའི་ དགོས་མཁོ་ཚུ་ འགྲུབ་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས།
རྒྱལ་སྤྱིའི་གནས་རིམ་ནང་་ ཕི་ནིགཛ་ཨང་ཅན་ངོ་རྟགས་རིམ་ལུགས་དེ་གིས་ རྒྱལ་སྤྱིའི་ལས་སྡེ་མ་འདྲཝ་ཚུ་གི་བར་ན་ འབྲེལ་མཐུན་བརྟག་དཔྱད་འབད་ཡོདཔ་ལས་ དེང་དུས་དང་བསྟུན་པའི་ རིམ་ལུགས་གསརཔ་ འགོ་བཙུགས་མི་ཚུ་གི་དོན་ལུ་ ཡིད་ཆེས་བརྟན་པའི་ མཐར་འཁྱོལ་གྱི་ མདུན་ལམ་བཟུམ་ཅིག་ཨིནམ་ད་ རིམ་ལུགས་དེ་ནང་ ཡོངས་རྫོགས་ཅན་གྱི་ བརྟག་དཔྱད་དང་ གོ་རིམ་ཐོག་གི་ལག་ལེན་ དེ་ལས་ སྦྱོང་བརྡར་ཚུ་ཡང་ ཚུད་དེ་ཡོད་ཟེར་བཀོད་ནུག།
ཕི་ནིགཛ་ཨང་ཅན་ངོ་རྟགས་རིམ་ལུགས་དེ་ ག་ནི་བ་ཡང་ དམ་དམ་སྦེ་ གནས་དགོ་པའི་ བཟོ་གྲྭའི་ཚད་གཞི་དང་ སྒྲིག་གཞི་ཚུ་དང་ ཚུལ་མཐུན་ཡོདཔ་ད་ ཆ་གནས་ཚད་གཞི་ཚུ་གི་གྲངས་སུ་ རྒྱལ་སྤྱིའི་ཚད་གཞི་ ཨའེ་ཨེཛ་ཨོ་/ཨའེ་ཨི་སི་ ༢༤༧༦༠ དང་ སྤྱིར་བཏང་གནད་སྡུད་སྲུང་སྐྱོབ་སྒྲིག་གཞིའི་ གནད་སྡུད་སྲུང་སྐྱོབ་གཞི་རྩ་ཚུ་ དེ་ལས་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ གློག་ཐོག་ངོ་རྟགས་ཀྱི་སྒྲིག་གཞི་ ༢.༠ དང་ ཁྱད་རིག་གི་ དགོས་མཁོའི་ཚད་གཞི་ ཌབ་ལུ་༣སི་ཟེར་མི་ཚུ་ ཚུད་དོ་ཡོདཔ་ཨིན་པས།
ཐབས་བྱུས་ཅན་གྱི་ མཉམ་འབྲེལ་དེ་ ད་རེས་ འགོ་བཙུགསཔ་ཅིག་ར་འབདཝ་ལས་ ཚོང་མགྲོན་པ་དང་ མཉམ་འབྲེལ་པ་ བཟོ་གྲྭ་གསར་བཏོད་འབད་མི་ག་ར་ཨིན་རུང་ གོ་སྐབས་གསར་བཙལ་དང་ མཉམ་འབྲེལ་ཐོག་ལས་ དཀའ་ངལ་ཚུ་ བསལ་ཐབས་འབད་ནི་གིས་མ་དོ་བར་ མཉམ་འབྲེལ་ཐོག་གི་ འཆར་སྣང་གི་ ནུས་པ་ཚུ་ཡང་ དངོས་གཟིགས་ཀྱི་དོན་ལས་ གཞི་སྒྱུར་དེ་གི་གྲལ་ཁར་ འཛུལ་གནང་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 2859
Users Yesterday : 3742
This Month : 69889
This Year : 506882
Total Users : 1218698
Views Today : 3573
Total views : 3268152
Who's Online : 19