སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ རྒྱ་གར་བི་ཧར་མངའ་སྡེའི་ས་གནས་ རྒྱལ་པོའི་ཁབ་ལུ་ ཆིབས་བསྐྱོད་གནང་ནི།

མགོན་པོ་རྡོ་རྗེ།
རང་ཟླ་ ༧ པའི་ཚེས་ ༡༡ སྤྱི་ཟླ་ ༩ པའི་ཚེས་ ༣ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ རྒྱ་གར་བི་ཧར་མངའ་སྡེའི་ནང་ རྒྱ་གར་འཕགས་ཡུལ་ བྱ་རྒོད་ཕུང་པོའི་རི་ རྒྱལ་པོའི་ཁབ་ འབྲུག་དགོན་འོག་མིན་གཉིས་པའི་ གཙུག་ལག་ཁང་ཆེན་མོ་ གསར་བསྒྲུབས་ལུ་ བཀྲ་ཤིས་རབ་གནས་ མཛད་ནིའི་དོན་ལས་ ཆིབས་བསྐྱོད་གནང་ནི་ཨིན་པས།
དེ་ཡང་ རང་ཟླ་ ༧ པའི་ ༡༢ སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ བཀྲ་ཤིས་རབ་གནས་ མཛད་གནང་ནི་དང་ སྤྱི་ཟླ་ ༩ པའི་ཚེས་ ༥ ལུ་ སྐུ་ངལ་གནང་པའི་ཤུལ་ལས་ སྤྱི་ཟླ་ ༩ པའི་ཚེས་ ༦ ལས་ ༨ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོའི་ནང་ དབུ་བཞུགས་མཛད་གནང་ནི་གི་ ལས་རིམ་ཡོད་ཟེར་ རྗེ་མཁན་པོའི་དྲུང་ཆེན་ སློབ་དཔོན་རིག་འཛིན་གྱིས་ གསུངསམ་ཨིན་པས།
ད་རེས་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ ཕྱག་ཞུ་སྟེ་ ཕུན་ཚོགས་གླིང་ བཤད་གྲྭའི་ནང་ལས་ དགེ་སློང་ཞལ་གྲངས་ ༢༥ དང་ ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ལས་ དགེ་སློང་ཞལ་གྲངས་ ༡༠ འབདཝ་ད་ དགེ་སློང་བསྡོམས་ ༣༥ འབྱོན་ནི་ཨིན་པའི་གནས་ཚུལ།

Please follow and like us: