
བི་བི་སི།
མཐའ་ཡས་ལེན་གྱིས་ འདས་པའི་ལོ་ངོ་ ༢ ཀྱི་ ནང་འཁོད་ལུ་ རྒྱལ་ཁབ་ཀྱི་ བློན་ཆེན་ ༢ ཕྱིར་དབྱུངས་འབད་བའི་ཤུལ་ལས་ ད་རེས་ ད་རུང་ཡང་ སྤྱི་ཚོགས་ནང་ལས་ ཚོང་པ་འབྱོར་ལྡན་ ཨ་ནུ་ཊིན་ ཅཱན་ཝི་ར་ཀུལ་དེ་ བློན་ཆེན་སྦེ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།
མཐའ་ཡས་ལེན་གྱི་ སྲིད་དོན་ནང་ དབང་ཤུགས་ཅན་གྱི་མི་བརྒྱུད་ པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་ར་དེ་ ཀམ་བོ་ཌི་ཡ་དང་གཅིག་ཁར་ ས་མཚམས་ཟིང་འཁྲུག་གི་སྐོར་ལས་ བཟང་སྤྱོད་ལས་འགལ་བའི་ ལཱ་བྱ་འཐབ་པ་ལུ་བརྟེན་ཏེ་ འདས་པའི་བདུན་ཕྲག་ནང་ རྩ་ཁྲིམས་ཅན་གྱི་ ཁྲིམས་འདུན་ལས་ ཕྱིར་དབྱུངས་འབད་ནུག།
ཨ་ནུ་ཊིན་གྱི་ བྷུམ་ཇའི་སྲིད་ཚོགས་དེ་ ཤི་ན་ཝ་ཏ་རའི་ ཕིའུ་མཐའ་ཡས་སྲིད་ཚོགས་དང་ མཉམ་བསྡོམས་འབད་དེ་ཡོད་ས་ལས་ ཕྱིར་ཐོན་འབད་དེ་ ཨ་ནུ་ཊིན་ ཅཱན་ཝི་ར་ཀུལ་གྱིས་ བློན་ཆེན་གྱི་ གོ་གནས་དོན་ལས་ སེམས་སྐུལ་འབད་བའི་ཤུལ་ལུ་ སྤྱི་ཚོགས་ནང་ལས་ རྒྱབ་སྐྱོར་ཐོབ་ཡོདཔ་ཨིན་པས།
ཨིན་རུང་ འཕྲལ་ཁམས་ཅིག་ཁར་ མཐའ་ཡས་ལེན་གྱི་ ཁྲིམས་འདུན་ལས་ གཞུང་སྐྱོང་ཆ་མེད་དང་ དམག་སྡེའི་གཞུང་སྐྱོང་དབང་བཟུང་ཚུ་ ཚར་ལེ་ཤ་ཅིག་ར་ ལག་ལེན་འཐབ་མི་དང་བསྟུནམ་ད་ མཐའ་ཡས་ལེན་གྱི་ གནས་སྟངས་དེ་ ངེས་མེད་ཅན་ཅིག་ལུ་ འགྱུར་ཡོདཔ་སྦེ་བཀོད་ནུག།
སྤྱི་ལོ་ ༢༠༠༡ ལུ་ པེ་ཏོང་ཏ་རཱན་གྱི་ཨ་པ་ ཐག་སིན་ཤི་ན་ཝ་ཏ་ར་དེ་ བློན་ཆེན་སྦེ་ བཙག་འཐུ་གྲུབ་ཞིནམ་ལས་ཚུར་ སྲིད་དོན་གྱི་ དབང་ཤུགས་ཡོད་མི་ བཟའ་ཚང་ཅིག་སྦེ་ གནས་ཡོད་རུང་ ད་རེས་ ཨ་ནུ་ཊིན་གྱིས་ བློན་ཆེན་ཐོབ་ཡོདཔ་ལས་ ཤི་ན་ཝ་ཏ་རའི་ བཟའ་ཚང་ལུ་ སེམས་ཕམ་འབྱུང་ནི་མས་ཟེར་ཨིན་པས།
ད་རེས་ བློན་ཆེན་སྦེ་ གདམ་འཐུ་གྲུབ་མི་ ཨ་ནུ་ཊིན་ ཅཱན་ཝི་ར་ཀུལ་ལུ་ སྤྱི་ཚོགས་ནང་ འཐུས་མི་གྲངས་མང་ཡོད་མི་ པི་པཱལཛ་པར་ཊི་གིས་ཡང་ རྒྱབ་སྐྱོར་ཡོདཔ་སྦེ་ཨིན་རུང་ པི་པཱལཛ་པར་ཊི་དེ་ གཞུང་སྐྱོང་འབད་ནི་ལས་ བཀག་དམ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1431676
Views Today :
Total views : 5000
Who's Online :