
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༩ པའི་ཚེས་ ༡༨ ལུ་ ར་ཤི་ཡའི་ གཞུང་འབྲེལ་གནས་ཚུལ་ཅིག་ནང་ འདས་པའི་ཉིན་མར་ དམག་འཁྲུག་གདོང་ཐུག་ནང་ ཡུ་ཀེ་རེན་གྱི་ དམག་མི་ ༡,༥༠༠ ལྷགཔ་ཅིག་ ར་ཤི་ཡའི་ དམག་མི་ཚུ་གིས་ དམར་བསད་འབད་ཡོདཔ་སྦེ་ བཀོད་ཡོད་རུང་ ཡུ་ཀེ་རེན་གྱི་ཁ་ཐུག་ལས་ གཏན་འཁེལ་མ་འབདཝ་ཨིན་པས།
ཡུ་ཀེ་རེན་གྱི་ མཁའ་དམག་འཕྲུལ་ཆས་ཌྲཱོན་ ༡ གིས་ ར་ཤི་ཡའི་ས་མཚམས་ བེལ་གོ་རཱོད་ལུ་ སྣུམ་འཁོར་གཅིག་གུ་ཕོག་སྟེ་ མི་ ༡ ལུ་ ཤི་རྐྱེན་དང་ གཞན་མི་ ༡ ལུ་ རྨ་སྐྱོན་བྱུང་ཡོདཔ་སྦེ་བཀོད་ནུག།
ཕྱད་མདའི་སྐོར་ལས་ རང་དབང་དབྱེ་དཔྱད་སྡེ་ཚན་ཚུ་གིས་ ཕྱོགས་གཉིས་ཆ་རའི་ཁ་ཐུག་ལས་ དྲག་པོའི་མིང་གཏམ་གྱི་དོན་ལུ་ སྔོན་ཆད་མ་བྱུང་པའི་ བརྩོན་ཤུགས་ཐོག་ལས་ ཕྱད་མདའ་རྐྱབ་དོ་ཡོདཔ་སྦེ་ བཤདཔ་ཨིན་པས།
དེ་ཁ་ལུ་ ཡུ་ཀེ་རེན་གྱི་ དམག་སྡེ་གིས་ འདས་པའི་ཉིན་མར་ ར་ཤི་ཡའི་ དམག་མི་ ༡,༠༢༠ དང་ མཁའ་དམག་འཕྲུལ་ཆས་ ༣༦༠ དེ་ལས་ ས་དམག་འཕྲུལ་ཆས་ ༣༦ མེདཔ་བཏང་ཡོདཔ་སྦེ་བཀོད་ནུག།
ར་ཤི་ཡའི་ སྲུང་སྐྱོབ་ལྷན་ཁག་ལས་ ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ རེ་ལིའི་མཐུན་རྐྱེན་ཚུ་དང་ མཁའ་དམག་འཕྲུལ་ཆས་ཀྱི་ མཛོད་ཁང་དང་ འཕྲུལ་ཆས་འཕངས་སའི་ ས་གོ་ཚུ་དང་སྦྲགས་ཏེ་ གནས་སྐབས་ཀྱི་ གོ་མཚོན་ལག་ལེན་གྱི་ ས་ཁོངས་ཚུ་ཡང་ མེདཔ་བཏང་ཡོདཔ་སྦེ་ བཤདཔ་ཨིན་པས།
ཡུ་ཀེ་རེན་གྱི་སྲིད་འཛིན་ ཛེ་ལེནཛ་ཀི་གིས་ ཡུ་རོབ་མཐུན་ཚོགས་ཀྱི་ སྤྱི་ཚོགས་སྲིད་འཛིན་ རོ་བར་ཊ་མེད་སོ་ལ་དང་གཅིག་ཁར་ མཉམ་འབྲེལ་གནས་ཚུལ་ཞལ་འཛོམས་སྐབས་ལུ་ ཡུ་ཀེ་རེན་གྱི་ གཙོ་རིམ་ཅན་གྱི་ དགོས་མཁོའི་ཐབས་ལམ་ ཐོ་ཡིག་དང་འཁྲིལ་ཏེ་ ཡུ་ཀེ་རེན་ལུ་ ནུབ་ཕྱོགས་མཁའ་དབྱིངས་སྲུང་སྐྱོབ་རིམ་ལུགས་ཀྱི་ མི་ཛ་ཡེལ་ཐོབ་ཡོད་མི་དེ་ ཡུ་ཨེཛ་གི་ གོ་མཚོན་སྡེ་ཚན་དང་པ་ཨིན་པས་ཟེར་ བཀོད་འདུག་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1391578
Views Today :
Total views : 5000
Who's Online :