སྤྱི་ཟླ་ ༩ པའི་ཚུས་ ༢༡ གི་ ནུབ་ཕྱེད་ལས་ ཉིམ་གཟའ་འཛིན།

མགོན་པོ་རྡོ་རྗེ།
ཤིང་སྦྲུལ་ཟླཝ་ ༧ པའི་ཚེས་ ༣༠ སྤྱི་ཟླ་ ༩ པའི་ཚུས་ ༢༡ ལུ་ ནུབ་མོའི་ཆུ་ཚོད་ ༡༡ དང་ སྐར་མ་ ༡༣ ལས་ རང་ཟླ་ ༨ པའི་ཚེས་ ༡ སྤྱི་ཟླ་ ༩ པའི་ཚེས་ ༢༢ ཀྱི་ དྲོ་པའི་ཆུ་ཚོད་ ༥ ཚུན་ ཧ་ལམ་དུས་ཡུན་ཆུ་ཚོད་ ༦ གི་རིང་ལུ་ ཉིམ་གཟའ་འཛིན་ཡོདཔ་ཨིན་པས།
དེ་ཡང་ སྒྲ་གཅན་དུས་མེ་གིས་ བྱང་གི་ཕྱོགས་ལས་སྦེ་ ཉི་མའི་དཀྱིལ་འཁོར་ སྔོ་གནག་ལུ་ འགྱུར་ཏེ་འབད་རུང་ ང་བཅས་རའི་ གླིང་འདི་ནང་ལས་ མཐོང་མི་ཚུགས་ཟེར་ ཐིམ་ཕུ་བདེ་ཆེན་ཆོས་གླིང་ འབྲུག་ཕོ་བྲང་ལྡིངས་ སྤང་རི་ཟམ་གདོང་ དགེ་འདུན་རྩིས་གཞུང་མཐོ་རིམ་སློབ་གྲྭའི་དབུ་འཛིན་ སློབ་དཔོན་སྲི་ཐར་རྒྱལ་མཚན་གྱིས་ མི་དམངས་གསལ་བསྒྲགས་ཅིག་ནང་ གསལ་བཀོད་འབད་ནུག།
ཨིན་རུང་ ཉིམ་གཟའ་འཛིན་གྱི་སྐབས་ལུ་ དགེ་སྡིག་སྤང་བླངས་ཚུ་ ག་ཅི་ར་འབད་རུང་ དགེ་སྡིག་བྱེ་བ་འབུམ་འགྱུར་ཡོདཔ་སྦེ་ གསུངས་ཡོདཔ་བཞིན་དུ་ བསྐྱེད་རྫོགས་ཉམས་ལེན་དང་ ཕྱག་མཆོད་སྦྱིན་གཏོང་ལ་སོགས་པའི་ རྣམ་དཀར་དགེ་བའི་ལཱ་ལུ་ གང་དྲག་བརྩོན་གནང་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: