
རོའི་ཊརཛ།
སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བདུན་ཕྲག་འདི་ནང་ ཨིན་ཌོ་ནེ་ཤི་ཡའི་ ནུབ་ཕྱོགས་ཇ་ཝ་ལུ་ སློབ་གྲྭའི་ཉིན་ལྟོ་ལས་ སློབ་ཕྲུག་ཨ་ལོ་ ༡,༠༠༠ ལྷགཔ་ཅིག་ལུ་ ཟས་དུག་ཐོབ་ནུག་ཟེར་ཨིན་པས།
དེ་ཡང་ ནུབ་ཕྱོགས་ཇ་ཝ་མངའ་སྡེའི་ ས་གནས་ཁག་ ༤ གི་ནང་ ཐོབ་ཡོདཔ་ལས་ གཞུང་མིན་ལས་ཚོགས་ཚུ་གིས་ གསོ་བའི་ཚ་གྱང་ལུ་བརྟེན་ཏེ་ ཉིན་ལྟོའི་ལས་རིམ་དེ་ མཚམས་འཇོག་འབད་དགོ་པའི་སྐོར་ལས་ གསལ་སྟོན་འབད་ནུག།
ཟས་དུག་དེ་ འདས་པའི་བདུན་ཕྲག་ནང་ ནུབ་ཕྱོགས་ཇ་ཝ་དང་ དབུས་ཕྱོགས་སུ་ལ་ཝེ་སི་ མངའ་སྡེའི་ནང་ སློབ་ཕྲུག་ ༨༠༠ དེ་ཅིག་ལུ་ ཐོབ་པའི་ཤུལ་ལས་ ཁྱབ་སྤེལ་སོང་ཡོདཔ་ད་ བཞེས་སྒོའི་ལས་རིམ་དེ་ཡང་ སྲིད་འཛིན་པ་ར་བོ་ཝོ་ སུ་བི་ཡན་ཊོ་གིས་ མཚན་རྟགས་བཀོད་ཐོག་ལས་ ཟས་བཅུད་ཅན་ཚུ་ རིན་མེད་སྟོང་མར་ བཀྲམ་སྤེལ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དེ་བཟུམ་མའི་ བཞེས་སྒོའི་ལས་རིམ་དེ་ དུས་ཅི་གི་ ལོ་མཇུག་ལས་ ཨིན་ཌོ་ནེ་ཤི་ཡ་ལུ་ མི་སེར་ས་ཡ་ ༢༨༠ ཡོད་མི་ལས་ མི་སེར་ས་ཡ་ ༨༣ དེ་ཅིག་ལུ་ དམིགས་གཏད་བསྐྱེད་མི་དེ་ མི་སེར་ས་ཡ་ ༢༠ ལྷགཔ་ཅིག་ལུ་ ལྷོད་ཡོདཔ་ད་ ལས་རིམ་དེ་གི་དོན་ལས་ དུས་ཅི་གི་ལོ་ལུ་ འཆར་དངུལ་ཌོ་ལར་འཐེར་འབུམ་ ༡༠.༢༢ ཨིན་མི་དེ་ སང་ཕོད་ཀྱི་ལོ་ནང་ འཆར་དངུལ་ལོག་བལྟབ་སྦེ་ ཡར་སེང་འགྱོ་འོང་ཟེར་བཀོད་ནུག།
ནུབ་ཕྱོགས་ཇ་ཝ་མངའ་སྡེའི་སྤྱི་ཁྱབ་ དེ་དི་མཱུལ་ཡ་དི་གིས་ སྤྱི་ཟླ་ ༩ པའི་ཚེས་ ༢༢ ལུ་ ནུབ་ཕྱོགས་བེན་དུང་ཟེར་སར་ རིན་མེན་སྟོང་མར་ཐོབ་མི་ བཞེས་སྒོ་ཟ་བའི་ཤུལ་ལས་ སློབ་ཕྲུག་ ༧༤༠ ལྷགཔ་ཅིག་ལུ་ ཟས་དུག་ཐོབ་ཡོདཔ་ད་ དེ་ལས་ རིམ་པ་བཞིན་དུ་ སྤྱི་ཟླ་ ༩ པའི་ཚེས་ ༢༤ ལུ་ ས་གནས་ཁག་ ༣ གྱི་ནང་ ཁྱབ་སྤེལ་སོང་སྟེ་ སུ་ཀ་བུ་མི་ལུང་ཕྱོགས་ནང་ ཉུང་ཤོས་ར་ སློབ་ཕྲུག་ ༥༨༠ དེ་ཅིག་ལུ་ ཟས་དུག་ཐོབ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1431442
Views Today :
Total views : 5000
Who's Online :