
ཨེ་བི་སི།
སྤྱི་ཟླ་ ༡༡ པའི་ཚེས་ ༢༤ ལུ་ མཐའ་ཡས་ལེན་ རྒྱལ་ཁབ་ནང་ ཨམ་སྲུ་ཅིག་ མེ་བཏང་ནིའི་དོན་ལས་ རོ་སྒྲོམ་ནང་བཙུགས་ཏེ་ འབག་འོང་པའི་ཤུལ་ལུ་ སྤར་ཡོདཔ་ལས་ ནང་པའི་ལྷ་ཁང་གི་ ལས་བྱེདཔ་ཚུ་ རྣམ་རྟོག་ལང་དགོཔ་ བྱུང་ཡོདཔ་ཨིན་པས།
དེ་ཡང་ སྣུམ་འཁོར་ཊག་ཅིག་གི་རྒྱབ་ཁར་ རོ་སྒྲོམ་དཀརཔོ་ཅིག་ནང་ཡོད་མི་ ཨམ་སྲུའི་ལགཔ་དང་ མགུ་ཏོག་ཚུ་ ཨ་ཙི་རེ་ སྤར་ནི་དེ་གིས་ ལྷ་ཁང་གི་ ལས་བྱེདཔ་ཚུ་ མགུ་འཐོམ་ཡོད་པའི་སྐོར་ལས་ བེང་ཀོག་ཁྲོམ་གྱི་ མཐའ་ཟུར་མངའ་སྡེ་ ནཱོན་ཐ་བུ་རི་ལུ་ཡོད་མི་ ལྷ་ཁང་ནང་ལས་ མི་སྡེ་བརྡ་བརྒྱུད་ ཕེཛ་བུ་ནང་ ཁྱབ་སྤེལ་འབད་ནུག།
སྐྱེས་ལོ་ ༦༥ འབད་མི་ ཨམ་སྲུ་དེ་ མོ་རའི་ཕོ་རྒནམ་གིས་ ཕི་ཙ་ནུ་ལོག་ མངའ་སྡེ་ལས་ མེ་བཏང་ནིའི་དོན་ལུ་ བསྐྱལ་བཏང་ཡོདཔ་སྦེ་ ལྷ་ཁང་གི་ སྤྱིར་བཏང་བདག་སྐྱོང་དང་ དངུལ་འབྲེལ་འཛིན་སྐྱོང་པ་ པ་ཡེ་རཱཏ་ སཱུད་ཐུབ་ཀྱིས་ བཤད་ཡོདཔ་ཨིན་པས།
ས་ཁོངས་དེ་ནང་ ཕུངམོ་མེ་བཏང་ནིའི་དོན་ལུ་ ཤི་རྐྱེན་གྱི་ གཞུང་འབྲེལ་ལག་ཁྱེར་ མེད་ནི་དེ་གིས་ ལག་ཁྱེར་གྱི་སྐོར་ལས་ བློ་སླབ་སྡོད་པའི་བར་ན་ རོ་སྒྲོམ་ནང་ལས་ བརྡུང་སྐད་ཅིག་ གོ་ཡོདཔ་བཞིན་དུ་ བརྟག་དཔྱད་འབད་དེ་ ཉེ་འདབས་ཀྱི་ སྨན་ཁང་ཅིག་ནང་ སྨན་བཅོས་འབད་བར་ བཏང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 793
Users Yesterday : 3320
This Month : 91236
This Year : 387203
Total Users : 1099019
Views Today : 1101
Total views : 3072161
Who's Online : 39