
སྤྱི་ཟླ་ ༡༢ པའི་ཚེས་ ༡༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྫོང་བདག་དང་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚུ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་ གནང་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ནང་ རྩིས་ཞིབ་ཡོངས་ཁྱབ་འོགམ་སྦེ་ ཕྱག་ཞུ་མི་ མི་འགྱུར་རྡོ་རྗེ་དེ་ ལྷུན་རྩེ་རྫོང་བདག་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཡིག་ཚང་ནང་ མདོ་ཆེན་སྦེ་ ཕྱག་ཞུ་མི་ བསོད་ནམས་སྟོབས་རྒྱས་དེ་ ཧཱ་རྫོང་བདག་སྦེ་ བསྐོ་བཞག་གནང་ནུག།
དེ་བཟུམ་སྦེ་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་ ཆུ་དཔྱད་དང་ གནམ་གཤིས་རིག་པའི་ལྟེ་བའི་ནང་ མཁས་མཆོག་ ༣ པ་སྦེ་ ཕྱག་ཞུ་མི་ སེངྒེ་རྡོ་རྗེ་དེ་ པདྨ་དགའ་ཚལ་རྫོང་བདག་དང་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ བཀོད་ཁྱབ་དྲུང་ཆེན་ རྡོ་རྗེ་རྒྱལ་མཚན་དེ་ བསམ་གྲུབ་ལྗོངས་མཁར་གྱི་ རྫོང་བདག་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།
དེ་ལས་ ཆེ་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ ཌོག་ཊར་བྱང་ཆུབ་ནོར་བུ་དང་ པདྨ་དབང་ཕྱུག་ ༢ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ བསྐོ་བཞག་གནང་ཡོད་པའི་གནས་ཚུལ།





Users Today : 1034
Users Yesterday : 1298
This Month : 47438
This Year : 227341
Total Users : 939157
Views Today : 2669
Total views : 2736457
Who's Online : 7