
རོའི་ཊརཛ།
སྤྱི་ཟླ་ ༡ པའི་ཚེས་ ༡ ལུ་ སུ་ཡིད་ཛར་ལེན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཆང་ཁང་ཅིག་ནང་ འགས་རྐྱེན་ཅིག་བྱུང་སྟེ་ མི་གྲངས་ ༤༠ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༠༠ དེ་ཅིག་ལུ་ རྨ་སྐྱོན་སྦོམ་སྦེ་ར་ བྱུང་ནུག་ཟེར་ཨིན་པས།
དེ་ཡང་ སུ་ཡིད་ཛར་ལེན་གྱི་ ལྷོ་ནུབ་ཁ་ཐུག་ལུ་ཡོད་མི་ སི་ཀི་སྐྱིད་གནས་ནང་ སྤྱི་ལོ་གསར་ཚེས་ཀྱི་ ཟས་སྟོན་བརྩི་སྲུང་སྐབས་ལུ་ མི་མང་ལེ་ཤ་ཅིག་ སྤུངས་འཛོམས་འབད་བའི་སྦུག་ན་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༡.༣༠ དེ་ཅིག་ཁར་ འགས་ཡོདཔ་སྦེ་བཀོད་ནུག།
མེ་རྐྱེན་དེ་ནང་ རྨ་སྐྱོན་བྱུང་མི་ཚུ་གི་གྲས་ལས་ མང་ཤོས་ཅིག་ར་ གནས་སྟངས་འཚུབ་དྲགས་སྦེ་ཡོདཔ་ལས་ སྨན་བཅོས་ཚུ་ ག་དེ་དྲག་དྲག་སྦེ་ ལག་ལེན་འཐབ་དོ་ཡོད་རུང་ ལེ་ཤ་ཅིག་ལུ་ར་ ཤི་རྐྱེན་འབྱུང་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།
དེ་བསྒང་ སྨན་བཅོས་སྣུམ་འཁོར་ ༤༠ དང་ གནམ་གྲུ་ཧེ་རི་ཀོབ་ཊར་ ༡༠ དེ་ཅིག་ བཀྲམ་སྤེལ་འབད་ཡོདཔ་ད་ བྱུང་རྐྱེན་དེ་གི་སྐོར་ལས་ ཁ་གསལ་སྦེ་ ཧ་མ་གོ་རུང་ དབང་འཛིན་ཚུ་གིས་ རྐྱེན་ངན་བཟུམ་ཅིག་སྦེ་ བརྩི་འཇོག་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1391804
Views Today :
Total views : 5000
Who's Online :