
པདྨ་དབང་འདུས།
བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་འོག་གི་ འབྲུག་བལྟ་བཤལ་ལས་ཁུངས་ཀྱི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ཇར་མ་ནིའི་རྒྱལ་ས་ བར་ལིན་ལུ་ བརྩི་སྲུང་འབད་མི་ རྒྱལ་སྤྱི་བལྟ་བཤལ་བརྗེ་སོར་ ༢༠༢༦ ནང་ལས་ བལྟ་བཤལ་རྩོམ་སྒྲིག་གི་ གསེར་གྱི་རྟགས་མ་དེ་ ཧི་མ་ལ་ཡ་ ལུང་ཕྱོགས་ཀྱི་ སྐྱེ་ལྡན་བལྟ་བཤལ་དང་འབྲེལ་ཏེ་ འབྲུག་གིས་ ཐོབ་ཅི་ཟེར་ཨིན་པས།
རྒྱལ་སྤྱི་བལྟ་བཤལ་བརྗེ་སོར་ ཨའི་ཊི་བི་ཟེར་མི་དེ་ འཛམ་གླིང་ནང་ ཡོངས་གྲགས་ཅན་གྱི་ འགྲེམ་སྟོན་ཅིག་ཨིནམ་ད་ གསེར་གྱི་རྟགས་མ་ འབྲུག་གིས་ཐོབ་མི་དེ་ཡང་ འབྲུག་གི་ཁ་ཐུག་ལས་ དངོས་གནས་དང་ དོན་ཡོད་ཀྱི་སྒོ་ལས་ རྒྱལ་ཁབ་ཀྱི་ གཞན་དང་མ་འདྲ་བའི་ གནས་གོང་ལུ་བརྟེན་པའི་ བལྟ་བཤལ་པའི་ བསྐྱོད་ཡུལ་སྦེ་ བལྟ་བཤལཔ་ཚུ་ལུ་ འཛམ་གླིང་གི་ དོན་གྱི་སྙིང་པོ་ངོ་མའི་ བལྟ་བཤལ་གྱི་ ཉམས་མྱོང་ཚུ་ འཐོབ་ནི་ཡོདཔ་ བཟོ་ནི་ལུ་ ཁས་ལེན་ཡོད་པའི་ ངོས་འཛིན་ལུ་ཨིན་པས།
རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།





Users Today :
Users Yesterday :
This Month :
This Year :
Total Users : 1348937
Views Today :
Total views : 5000
Who's Online :