ཁྲིམས་འགལ་ཐོག་ལས་ སྨྱོ་རྫས་སྐྱེལ་འདྲེན་དང་ ཡོངས་འབྲེལ་ཐོག་གི་ གཡོ་འཕྲུལ་ཚུ་ ཚ་གྱང་སྦོམ་ཅིག་ལུ་གྱུར་ཡོདཔ།

སྐལ་བཟང་ཆོས་སྐྱིད།
སྤྱི་ཟླ་ ༣ པའི་ཚེས་ ༦ ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ གཙོ་འཛིན་འོགམ་ དམག་སྲིད་པ་སངས་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ཡོངས་འབྲེལ་ཐོག་གི་ གཡོ་འཕྲུལ་ནང་ ཚུད་མི་ཚུ་དང་ སྨྱོ་རྫས་སྐྱེལ་འདྲེན་འབད་མི་ཚུ་ འབྲུག་མི་ཡོངས་ཀྱི་དོན་ལས་ ཚ་གྱང་སྦོམ་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།
དེ་ཡང་ ཡོངས༌འབྲེལ༌གཡོ་འཕྲུལ་གྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ སྤྱི་ལོ་ ༢༠༢༣ ལས་ ༢༠༢༥ གི་བར་ན་ གཡོ་འཕྲུལ་གྱི་ སྙན་ཞུ་ཁག་ ༡༧ ལས་ ༡༦༧ ལུ་ ཡར་སེང་སོང་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༢༦ ལོར་ཡང་ ད་ཚུན་གྱི་བར་ན་ར་ སྙན་ཞུ་ཁག་ ༣༥ ཐོན་ཡོདཔ་སྦེ་ གཙོ་འཛིན་འོགམ་གིས་ གསལ་བཤད་འབད་ཡི།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: