
ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་གི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ཀོ་རི་ཡའི་ས་གནས་ ཨིན་ཅི་ཡོན་ཟེར་སར་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལས་ ༡༠ གྱི་བར་ན་ འགོ་འདྲེན་འཐབ་ནི་ཨིན་མི་ བཅོས་མའི་འཕྲུལ་མི་བཟོ་བཏོན་རིག་པའི་ རྒྱལ་སྤྱི་དོ་འགྲན་དང་པ་ ༢༠༢༦ ཅན་མའི་ནང་ གྲལ་གཏོགས་ཀྱི་དོན་ལས་ གདམ་ཁ་གྲུབ་ཡོདཔ་སྦེ་ཨིན་པས།
དེ་ཡང་ འབྲུག་གི་རྒྱལ་ཡོངས་སྡེ་ཚན་དེ་ནང་ རང་འབྱུང་སློབ་གྲྭ་ལྟེ་བ་ལས་ ཚེ་རིང་དབང་མོ་དང་ རྒྱལ་འཛིན་སློབ་རིག་སྤེལ་ཁང་ལས་ བསོད་ནམས་ཚེ་རིང་ དེ་ལས་ མུ་ཏིག་ཐང་ འབྲིང་རིམ་སློབ་གྲྭ་ཆེ་བའི་ནང་ལས་ དབྱངས་ཅན་སྒྲོལ་མ་དང་ ཡོན་ཏན་ཕྲིན་ལས་དོན་གྲུབ་ཚུ་ གདམ་ཁ་གྲུབ་ཡོདཔ་སྦེ་བཀོད་ནུག།
གདམ་ཁ་དེ་ཡང་ རྒྱལ་ཡོངས་ཀྱི་ གནས་རིམ་ནང་ ཤེས་ཡོན་དང་ འཕྲུག་རིག་རིག་རྩལ་ གསར་བཏོད་རིག་པ་ སྡེ་ཚན་མཉམ་ལཱ་ ཉོག་སེལ་ལྕོགས་གྲུབ་ཚུ་ནང་ ག་ནི་བ་ཡང་ རྩལ་བཏོན་ཅན་གྱི་ བྱ་སྒོ་ཚུ་གི་སྒོ་ལས་ ལག་ལེན་འཐབ་ཡོདཔ་ཨིན་པས།
བཅོས་མའི་འཕྲུལ་མི་བཟོ་བཏོན་གྱི་ ཨོ་ལིམ་པིག་ཟེར་ མིང་གནས་འཛིན་མི་ རྒྱལ་སྤྱི་དོ་འགྲན་དང་པའི་ནང་ འཛམ་གླིང་མཐའ་དབུས་མེད་པའི་ ས་ཁོངས་ཚུ་ལས་ སློབ་ཕྲུག་ཚུ་གིས་ བཅོས་མའི་འཕྲུལ་མི་ བཟོ་བཀོད་དང་ བཟོ་བསྐྲུན་འབད་དེ་ སྒུལ་ནུས་ལས་རིམ་ཚུ་ བཙུགས་ཐོག་ལས་ འཛམ་གླིང་གི་ དངོས་ཡོད་དོ་འགྲན་ཚུ་ སེལ་ཐབས་ལུ་ ལག་ལེན་འཐབ་བཏུབ་བཟོ་དགོ་ནི་ཨིནམ་སྦེ་བཀོད་ནུག།
དེ་ལས་ གཞན་ཡང་ དོ་འགྲན་དེ་གི་སྐབས་ལུ་ གསར་བཏོད་ཀྱི་ རིག་རྩལ་གོང་འཕེལ་གཏང་ནི་དང་ ལམ་སྲོལ་འདྲ་མིན་སྣ་ཚོགས་ཀྱི་སྒོ་ལས་ མཉམ་འབྲེལ་འཐབ་ནི་ དེ་ལས་ རྒྱལ་སྤྱིའི་མི་སེར་ཟེར་བའི་ འདུ་ཤེས་གོང་འཕེལ་དང་ ཚན་རིག་ འཕྲུལ་རིག་ བཟོ་རིག་ རྩིས་རིག་ཤེས་ཡོན་ནང་ཡང་ ན་གཞོན་ཚུ་ལུ་ སེམས་སྐུལ་འབྱུང་ནི་ཨིན་པས།
འབྲུག་གིས་ རྒྱལ་སྤྱི་དོ་འགྲན་དང་པའི་ནང་ སྤྱི་ལོ་ ༢༠༢༣ ལས་ཚུར་ གྲལ་གཏོགས་འབད་ཡོདཔ་ད་ དེ་ཡང་ འབྲུག་གི་སློབ་ཕྲུག་ཚུ་ལུ་ རང་སོའི་རིག་རྩལ་འགྲེམ་སྟོན་འབད་ནི་དང་ རྒྱལ་སྤྱི་གནས་རིམ་ནང་གི་ སློབ་ཕྲུག་ཚུ་དང་གཅིག་ཁར་ མཉམ་འབྲེལ་འཐབ་ནི་གི་ གོ་སྐབས་ཡོད་པའི་ རྒྱལ་སྤྱིའི་གྲོས་གནས་ཅིག་ཨིན་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1469891
Views Today :
Total views : 5000
Who's Online :