བརྒྱུད་འཕྲིན་: ༣༣༣༡༨༣ འགྲེམ་སྒྲོམ་ཨང་: ༣༤༣ ཐིམ་ཕུ།

ས་སྣུམ་གྱི་ གོང་ཚད་ཚུ་ བེར་རེལ་རེར་ ཌོ་ལར་ ༡༠༦ རེ་ལུ་ ཡར་སེང་སོང་ཡོདཔ།

ཨཱལ་ཇ་ཛི་ར།ཡུ་ཨེཛ་དང་ ཨི་རཱན་གྱི་བར་ན་ མཐུན་སྒྲིག་བྱུང་མ་ཚུགསཔ་ལས་ ཧོར་མུཛ་མཚོ་ལམ་དེ་ བཀག་ཆ་འབད་བའི་ཁར་ ཚོང་འབྲེལ་གྲུ་གཟིངས་ཚུ་ཡང་ འཛིན་བཟུང་འབད་ནི་དེ་གིས་ ས་སྣུམ་གྱི་ གོང་ཚད་ཚུ་ ཡར་སེང་སོང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་…

འཕྲོ་མཐུད།

འཛམ་གླིང་ནང་ ཨི་རཱན་གྱི་ ཕྱད་མདའ་ལུ་བརྟེན་ཏེ་ མི་སེར་ས་ཡ་ ༣༠ ལྷགཔ་ཅིག་ལུ་ དབུལ་ཕོངས་ཀྱི་ དཀའ་ངལ་འབྱུང་ནི།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༢༣ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ གོང་འཕེལ་གཙོ་འཛིན་ ཨེ་ལེག་ཛེན་ཌར་ ཌི་ཀུ་རུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨི་རཱན་གྱི་ ཕྱད་མདའ་ལུ་བརྟེན་ཏེ་ མི་སེར་ས་ཡ་ ༣༠ ལྷགཔ་ཅིག་ ལོག་སྟེ་ར་ དབུལ་ཕོངས་ཀྱི་ དཀའ་ངལ་ནང་ ཚུད་ནི་མས་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་…

འཕྲོ་མཐུད།

ནེ་པཱལ་གྱི་ ནང་སྲིད་བློན་པོ་ སུ་དཱན་གུ་རུང་ དགོངས་ཞུ་འབད་ཡོདཔ།

ཀཋ་མཱན་ཌུ་པོཛ། སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ ནེ་པཱལ་གྱི་ ནང་སྲིད་བློན་པོ་ སུ་དཱན་གུ་རུང་དེ་ དགོངས་ཞུ་འབད་ཡོདཔ་ད་ དེ་ཡང་ ཚོང་པ་དི་པག་ བྷ་ཊ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ ཚུལ་མིན་གྱི་སྒོ་ལས་ དངུལ་ཚོང་འཐབ་དོ་ཡོད་པའི་ ཉོག་བཤད་དང་ དྲི་བ་ཚུ་ བཀོད་མི་ལུ་བརྟེན་ཏེ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་…

འཕྲོ་མཐུད།

རྒྱ་གར་གྱི་མངའ་སྡེ་ ཀེ་ར་ལའི་ ཤོག་བམ་བཟོ་གྲྭ་འཕྲུལ་ཁང་ཅིག་ནང་ འགས་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༡༣ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་གར་གྱི་ ལྷོ་ཕྱོགས་མངའ་སྡེ་ ཀེ་ར་ལའི་ ཤོག་བམ་བཟོ་གྲྭ་འཕྲུལ་ཁང་ཅིག་ནང་ འགས་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༡༣ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་པའི་ནང་ལས་ མི་གྲངས་ ༥ དེ་ཅིག་གི་ གནས་སྟངས་དེ་ འཚུབ་དྲགས་སྦེ་ར་ཡོད་ཟེར་ཨིན་པས།…

འཕྲོ་མཐུད།

ར་ཤི་ཡའི་ དམག་སྡེ་ཚུ་གིས་ ཡུ་ཀེ་རེན་གྱི་ ས་ཆ་ཀི་ལོ་མི་ཊར་ ༡,༧༠༠ གྲུ་བཞི་འབད་མི་འཕྱོག་བཟུང་།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༢༡ ལུ་ ར་ཤི་ཡའི་ དམག་སྤྱི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ དམག་སྡེ་ཚུ་གིས་ དུས་ཅི་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁ་ཐུག་གི་ ས་གནས་ཌཱོན་བཱཛ་ལུ་ ས་ཆ་ཀི་ལོ་མི་ཊར་ ༡,༧༠༠ གྲུ་བཞི་འབད་མི་ འཕྱོག་བཟུང་འབད་ཡི་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་…

འཕྲོ་མཐུད།

རྒྱ་གར་ཀཤ་མིར་ལུ་ མི་མང་སྐྱེལ་འདྲེན་ སྣུམ་འཁོར་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༢༡ ལུ་ ཤི་རྐྱེན་དང་ ༤༥ ལུ་རྨ་སྐྱོན།

ཨཱལ་ཇ་ཛི་ར། སྤྱི་ཟླ་ ༤ པའི་ཚེས་ ༢༠ ལུ་ རྒྱ་གར་ཀཤ་མིར་མངའ་སྡེའི་ ལུང་གཤོང་དོགས་དྲགས་ཅིག་ནང་ མི་མང་སྐྱེལ་འདྲེན་ སྣུམ་འཁོར་བཱཛ་ཅིག་ འགྱེལ་ཏ་རྐྱབ་སྟེ་ ལམ་འོག་ལས་མར་ རྦོབ་རིལ་ཡར་སོངཔ་ལས་ མི་གྲངས་ ༢༡ ལུ་ ཤི་རྐྱེན་དང་ ༤༥ ལུ་ རྨ་སྐྱོན་བྱུང་ནུག། དེ་ཡང་ ཇ་མུ་དང་ ཀཤ་མིར་གྱི་ ཨུ་དྷམ་པུར་…

འཕྲོ་མཐུད།

རྒྱ་གར་ལུ་ ཤོག་བམ་འཕྲུལ་ཁང་ཅིག་ནང་ འགས་རྐྱེན་བྱུང་ཏེ་ མི་གྲངས་ ༢༥ དེ་ཅིག་ལུ་ ཤི་རྐྱེན་དང་ ༦ ལུ་རྨ་སྐྱོན།

བི་བི་སི། རྒྱ་གར་གྱི་ ལྷོ་ཕྱོགས་མངའ་སྡེ་ ཏ་མིལ་ན་དུ་ལུ་ ཤོག་བམ་འཕྲུལ་ཁང་ཅིག་ནང་ འགས་རྐྱེན་བྱུང་པའི་སྟབས་ཀྱིས་ མི་གྲངས་ ༢༥ དེ་ཅིག་ལུ་ ཤི་རྐྱེན་དང་ གཞན་མི་ ༦ ལུ་ རྨ་སྐྱོན་ཚབས་ཆེན་བྱུང་ནུག། འགས་རྐྱེན་དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༡༩ ལུ་ ཕྱི་རོ་ཁམས་ཅིག་ཁར་ ཝི་རུ་དྷུ་ན་གར་ ཝ་ན་ཇ་ ཤོག་བམ་བཟོ་གྲྭ་འཕྲུལ་ཁང་ནང་…

འཕྲོ་མཐུད།

ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ ས་སྣུམ་མཐུན་རྐྱེན་ཚུ་ལུ་ གནོདཔ་བཀལ་ཡོདཔ།

རོའི་ཊརཛ།སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱིས་ མཁའ་དམག་འཕྲུལ་ཆས་ ཌཱོན་གྱི་ཐོག་ལས་ ས་མ་ར་ལུང་ཕྱོགས་དང་ བལ་ཊིག་རྒྱ་མཚོའི་ གྲུ་ཚུགས་རྩིས་ཏེ་ ས་སྣུམ་གྱི་ མཐུན་རྐྱེན་ཚུ་ལུ་ གནོད་འཚུབ་བཀལ་ཡི་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་…

འཕྲོ་མཐུད།

ཧོར་མུཛ་གི་མཚོ་ལམ་དེ་ སྒོ་ཕྱེ་ཡོདཔ་ལས་ ས་སྣུམ་གྱི་ གོང་ཚད་མར་འབབ།

བི་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༡༧ ལུ་ ཨི་རཱན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཧོར་མུཛ་གི་མཚོ་ལམ་དེ་ ཚོང་འབྲེལ་གྲུ་གཟིངས་ཚུ་གི་དོན་ལས་ སྒོ་ཕྱེ་ནི་དེ་གིས་ ས་སྣུམ་གྱི་ གོང་ཚད་ཚུ་ བེ་རེལ་རེར་ ཌོ་ལར་ ༩༨ རེ་ལས་ ཌོ་ལར་ ༨༨ རེ་ལུ་ མར་འབབ་སོང་ཡི་ཟེར་ཨིན་པས། ཨི་རཱན་གྱི་ ཕྱི་འབྲེལ་བློན་པོ་ ཨ་བཱཛ་ཨ་རག་ཅི་གིས་…

འཕྲོ་མཐུད།

སྲིད་དོན་པ་ཚུ་དང་ འགོ་དཔོན་ཚུ་གི་ རྒྱུ་དངོས་དང་ བདོག་གཏད་ཚུ་ དབྱེ་ཞིབ་འབད་མི་ བསླབ་སྟོན་གྲོས་ཚོགས་ གཞི་བཙུགས་འབད་ནི།

རོའི་ཊརཛ། ནེ་པཱལ་གྱི་ གཞུང་གསར་པའི་དབུ་ཁྲིད་ བེ་ལེན་ད་ར་ཤཱ་གིས་ འདས་པ་དང་ ད་ལྟོའི་སྲིད་དོན་པ་ཚུ་དང་ འགོ་དཔོན་ཚུ་གི་ རྒྱུ་དངོས་དང་ བདོག་གཏད་ཚུ་ དབྱེ་ཞིབ་འབད་མི་ བསླབ་སྟོན་གྲོས་ཚོགས་ཅིག་ གཞི་བཙུགས་འབད་ནི་ཨིནམ་ད་ དེ་ཡང་ ཧི་མ་ལ་ཡའི་ རྒྱལ་ཁབ་ནང་ ངན་ལྷད་བཀག་ཐབས་ལུ་ དམིགས་ཏེ་ཨིན་པས། སྐྱེས་ལོ་ ༣༥ འབད་མི་ བེ་ལེན་ད་ར་ཤཱ་གིས་ དུས་ཅི་ སྤྱི་ཟླ་ ༣…

འཕྲོ་མཐུད།