བང་ག་དེཤ་གི་ རྒྱལ་ས་ལུ་ ཤེག་ཧ་སི་ནའི་ གཞུང་ལུ་ངོ་རྒོལ།

ཨེན་ཌི་ཊི་ཝི།
སྤྱི་ཟླ་ ༡༢ པའི་ཚེས་ ༡༠ ལུ་ བང་གལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ ལྡོག་ཕྱོགས་སྲིད་ཚོགས་ཀྱི་ རྒྱབ་སྐྱོར་པ་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ སྲིད་བློན་ཤེག་ཧ་སི་ནའི་གཞུང་ལུ་ ངོ་རྒོལ་ཐོག་ལས་ བཙག་འཐུ་འབད་དགོཔ་སྦེ་ བཤད་ཡོདཔ་ཨིན་པས།
གོ་ལ་བྷག་རྩེད་ཐང་ནང་ སྤུངས་འཛོམས་འབད་མི་ཚུ་གིས་ ཤེག་ཧ་སི་ན་དེ་ ཚོགས་རྒྱུན་ཨར་རྐུན་འབད་མི་ཨིན་ཟེར་ སྐད་རྐྱབ་པའི་ཁར་ ངོ་རྒོལ་འབད་མི་ཚུ་ རྩེད་ཐང་དེ་གི་ མཐའ་སྐོར་གྱི་ ཁྲོམ་ལམ་ཚུ་ཡང་ གང་སྟེ་ཡོདཔ་ཨིན་པས།
སྤྱི་ཟླ་ ༡༢ པའི་ཚེས་ ༦ ལུ་ སྲུང་སྐྱོབ་དམག་མི་ཚུ་ ལྡོག་ཕྱོགས་སྲིད་ཚོགས་ བང་ལ་དེཤ་ ནེ་ཤ་ན་ལིཝ་ ཚོགས་པ་ཟེར་མིའི་ ཡིག་ཚང་ལྟེ་བའི་ནང་ ཧང་སྟོང་མར་ འཛུལ་བའི་སྐབས་ལུ་ མི་ ༡ ལུ་ ཤི་རྐྱེན་དང་ གཞན་མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་ཚུ་བྱུང་ནུག།
སྤྱི་ཟླ་ ༡༢ པའི་ཚེས་ ༩ ལུ་ ལྡོག་ཕྱོགས་སྲིད་ཚོགས་ཀྱི་ འགོ་ཁྲིདཔ་གཙོ་བོ་ ༢ གནོད་འཚེ་འབད་ནི་ལུ་ རྒྱུད་བསྐུལ་འབད་ཡོད་པའི་ ཉེས་འཛུགས་ཐོག་ འཛིན་བཟུང་འབད་ཡོདཔ་ད་ སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ལས་ཚུར་ སྲིད་ཚོགས་དེ་ལུ་ རྒྱབ་སྐྱོར་འབད་མི་ ཧ་ལམ་མི་གྲངས་ ༢,༠༠༠ དེ་ཅིག་ ངོ་རྒོལ་འགྲེམ་སྟོན་ བཀག་ཐབས་ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཡུ་ཨེཛ་གིས་གཙོས་པའི་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ བང་ག་དེཤ་གི་ སྲིད་དོན་གནས་སྟངས་ལུ་ ཚ་གྱང་ཡོད་ལུགས་ཚུ་ བཤད་དོ་ཡོདཔ་ད་ བང་ག་དེཤ་ རྒྱལ་ཁབ་དེ་ ཧེ་མ་ལས་ར་ ཡུ་ཨེཛ་དང་གཅིག་ཁར་ འབྲེལ་བ་ཡོད་རུང་ བར་སྐབས་ཅིག་ཁ་ལས་ ཧ་སི་ན་གིས་ རྒྱ་ནག་དང་གཅིག་ཁར་ མཉམ་འབྲེལ་མང་སུ་འཐབ་སྟེ་ ཌོ་ལར་ཐེར་འབུམ་སྦེ་གནས་མི་ གཞི་རྟེན་མཁོ་ཆས་ཀྱི་ ལས་འགུལ་ཚུ་ནང་ རྒྱ་ནག་གིས་ མ་དངུལ་ཚུ་ བཙུགས་ཏེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: