
རོའི་ཊརཛ།
སྤྱི་ཟླ་ ༡༢ པའི་ཚེས་ ༢༡ ལུ་ ལོ་ངོ་ ༧༤ གི་རྒྱབ་ལས་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེ་གིས་ མ་ཡཱན་མར་ རྒྱལ་ཁབ་དང་འབྲེལ་བའི་ གྲོས་ཆོད་འགི་དང་པ་ བཏོན་མིའི་ནང་ མ་ཡཱན་མར་ལུ་ རྩུབ་སྤྱོད་ཚུ་ མཇུག་བསྡུ་དགོཔ་སྦེ་ བཀོད་ཡོདཔ་མ་ཚད་ དྲག་པོའི་དམག་སྡེ་དེ་ གཞུང་སྐྱོང་ནང་ལས་ ཕྱིར་དབྱུངས་ཐོག་ལུ་ བཙོན་ཁང་ཚུ་ནང་ཡོད་མི་ སྲིད་དོན་འགོ་ཁྲིདཔ་ ཨམ་ཨང་སཱན་སུ་ཀི་གིས་གཙོས་པའི་ སྲིད་དོན་བཙོན་པ་ཚུ་ག་ར་ བཏང་དགོ་པའི་ ནན་བསྐུལ་ཡང་ བཀོད་དེ་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ཚེས་ ༡ ལུ་ བཙག་འཐུ་ལས་གྲུབ་མི་ ཨམ་ཨང་སཱན་སུ་ཀིའི་གཞུང་དེ་ དྲག་པོའི་དམག་སྡེ་གིས་ འཕྱོག་ཐོག་ལས་ མོ་ར་དང་ འགོ་དཔོན་གཞན་ཚུ་ བཙོན་ཁང་ནང་ བཙུགས་ཞིནམ་ལས་ཚུར་ མ་ཡཱན་མར་ རྒྱལ་ཁབ་ནང་ དཀའ་སྡུག་སྦོམ་ར་ བྱུང་སྟེ་ཡོདཔ་ཨིན་པས།
དྲག་པོའི་གཞུང་དེ་གིས་ དམངས་གཙོའི་རིང་ལུགས་ཀྱི་དོན་ལུ་ འགྲེམ་སྟོན་འབད་མི་ཚུ་གི་ ཚེ་སྲོག་ལུ་ཡང་ ཉེན་ཁ་ཡོད་པའི་ སྟོབས་ཤུགས་ཀྱི་སྒོ་ལས་ གདོང་ལན་ཚུ་ཡང་འབདཝ་ཨིན་པས།
འཛམ་གླིང་སྤྱི་ཚོགས་ནང་ བི་རི་ཊེན་གྱི་གཞུང་ཚབ་ ཨམ་བར་བཱ་ར་ འུཌ་ཝཱཌ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རེས་ ང་བཅས་ཀྱིས་ དྲག་པོའི་གཞུང་ལུ་ དོགས་པ་མེད་པའི་ བརྡ་འཕྲིན་སྤེལ་ཡོདཔ་ལས་ ཁོང་གིས་ཡང་ གྲོས་ཆོད་འདི་ ཧྲིལ་བུར་སྦེ་ར་ ལག་ལེན་འཐབ་པའི་ རེ་བ་ཡོད་ཟེར་ཨིན་པས།
གྲོས་ཆོད་དེ་ བི་རི་ཊེན་གྱི་ ཁ་ཐུག་ལས་ ཟིན་བྲིས་བཏབ་ཡོདཔ་ད་ མོ་གིས་ མ་ཡཱན་མར་གྱི་ མི་སེར་ཚུ་ལུ་ཡང་ དབང་ཆ་དང་ རེ་འདོད་ མཐའ་དོན་ཚུ་དང་འཁྲིལ་བའི་ ཡར་འཕེལ་འབྱུང་ཐབས་ལུ་ བརྡ་འཕྲིན་གསལ་ཏོག་ཏོ་སྦེ་ར་ སྤེལ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 770
Users Yesterday : 1379
This Month : 770
This Year : 229611
Total Users : 941427
Views Today : 1886
Total views : 2740929
Who's Online : 6