ཡུ་ཀེ་རེན་ལུ་ བཙན་འཛུལ་ཐོག་ལས་ དམག་རྐྱབ་མི་ དམག་སྡེའི་འགོ་དཔོན་ བཏོན་བཏང་ཡོདཔ།

བི་བི་སི།
ར་ཤི་ཡའི་སྲིད་འཛིན་ ཝེལ་ཌི་མིར་ པུ་ཊིན་གྱིས་ ར་ཤི་ཡའི་ དམག་སྡེའི་འགོ་དཔོན་ མཐོ་ཤོས་ཀྱི་ གོ་གནས་ཁར་ ཟླ་ངོ་ ༣ ལང་ཡོད་མི་དེ་ བཏོན་བཏང་ཡོདཔ་ལས་ ད་ལས་ཕར་ དམིགས་བསལ་གྱི་ དྲག་པོའི་ལག་ལེན་ཟེར་མི་ དམག་འཁྲུག་དེ་ དམག་སྤྱི་གཙོ་འཛིན་ ཝེ་ལ་རི་ ཇེ་ར་སི་མོབ་ཀྱིས་ འགོ་ཁྲིད་འབད་ནི་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ ནུས་ཤུགས་ཀྱི་ གཞི་རྟེན་མཁོ་ཆས་ཚུ་ལུ་ གནོད་པ་ཚབས་ཆེན་བཀལ་མི་ དམག་སྤྱི་སུ་རོ་ཝི་ཀིན་གྱི་ འགན་ཁུར་ཚུ་ ད་ལས་ཕར་ དམག་སྤྱི་ཇེ་ར་སི་མོབ་ཀྱིས་ འབག་ནི་ཨིན་པས།
དེ་བཟུམ་མའི་ འགན་དབང་བསྒྱུར་བཅོས་དེ་ཡང་ འདས་པའི་ཟླཝ་ཚུ་ནང་ དམག་འཁྲུག་ལངསམ་ད་ མཐར་འཁྱོལ་མ་ཚུགས་རུང་ ར་ཤི་ཡ་གིས་འབད་བ་ཅིན་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ལུ་ ཁོང་གི་ཁ་ཐུག་ལས་ ཡར་འཕེལ་ཐོན་ཏེ་ཡོད་པའི་ ལོ་རྒྱུས་ཚུ་ བཤད་དེ་ཡོད་པའི་ དུས་སྐབས་ལུ་ ལག་ལེན་འཐབ་སྟེ་ཡོདཔ་ཨིན་པས།
དྲག་པོའི་དམག་སྤྱི་ སུ་རོ་ཝི་ཀིན་དེ་ ཧེ་མའི་ ཕྱད་མདའ་ཚུ་ནང་དང་ སི་རི་ཡ་ལུ་ དྲག་པོའི་དམག་མི་ ལག་ལེན་ཚུ་གི་སྐབས་ལུ་ གདུག་རྩུབ་ཅན་གྱི་ ཐབས་ལམ་ཚུ་ ལག་ལེན་འཐབ་ཡོད་པའི་ མིང་གཏམ་ཐོན་ནུག།
དེ་གི་ཤུལ་ལས་ སྤྱི་ཟླ་ ༡༠ པའི་ནང་ ཡུ་ཀེ་རེན་དང་གཅིག་ཁར་ ཕྱད་མདའ་རྐྱབ་མི་ དྲག་པོའི་དམག་མི་ཚུ་གི་ འགོ་ཁྲིདཔ་སྦེ་ བསྐོ་བཞག་གྲུབ་སྟེ་ ཡུ་ཀེ་རེན་ལུ་ཡང་ ནུས་ཤུགས་ཀྱི་ གཞི་རྟེན་མཁོ་ཆས་ཚུ་ མེདཔ་བཏང་པ་ལུ་བརྟེན་ཏེ་ ཡུ་ཀེ་རེན་གྱི་ མི་སེར་ས་ཡ་ལས་བཅད་མི་ཚུ་ལུ་ གནམ་དགུན་ཐོནམ་ད་ གློག་མེ་དང་ འཐུང་ཆུ་ཚུ་མེད་པར་ སྡོད་དགོ་པའི་ དཀའ་ངལ་འཐོན་ཏེ་ཡོདཔ་ཨིན་པས།
ར་ཤི་ཡ་གིས་ ན་ཧིང་ སྤྱི་ཟླ་ ༢ པའི་ཚེས་ ༢༤ ལུ་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ དྲག་དམག་ཐོག་ལས་ བཙན་འཛུལ་འབད་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: