
བི་བི་སི།
ཡུ་ཨེཛ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འབྲུ་སྣ་ཚོང་སྒྱུར་གཙོ་བོ་ཅིག་གི་སྐོར་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་གྱིས་ ཕྱོགས་ལྷུང་འབད་ཡོདཔ་ལས་ ར་ཤི་ཡ་ལུ་ ཡུ་ཀེ་རེན་གྱི་ ཕྱད་མདའ་དང་འབྲེལ་བའི་ འགན་འཁྲི་བཀལ་ནི་ལུ་ ཐོ་ཕོག་དོ་ཡོད་པའི་ ཡིད་ཆེས་ཡོད་ཟེར་ཨིནཔས།
ཡུ་ཨེཛ་གིས་ ཨེན་ཊོ་ནི་ཡོ་ གུ་ཊེ་རེཛ་གི་ བྱ་སྤྱོད་ཚུ་ བལྟ་རྟོག་དམ་དམ་འབད་དེ་ཡོད་པའི་ ཡིག་ཆ་ཚུ་དང་འཁྲིལ་བ་ཅིན་ ཁོ་གིས་ ར་ཤི་ཡའི་ མཐའ་དོན་ཚུ་ལུ་ འཇམ་ཏོང་ཏོ་སྦེ་ དག་སྣང་བསྐྱེད་དོ་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།
ཡིག་ཆ་དག་པ་ཅིག་གི་ནང་ར་ གུ་ཊེ་རེཛ་དང་ ཁོ་གི་འོག་ལུ་ ངོ་ཚབ་སྦེ་ ལཱ་འབད་མི་ ༢ ཀྱི་བར་ན་ སྒེར་ཐོག་གི་ གྲོས་གླེང་ཚུ་ཡང་ གསལ་བཀོད་འབད་དེ་ཡོདཔ་ཨིན་པས།
གསང་བྱའི་ཡིག་ཆ་ ཕྱི་ཁར་ཤོར་མི་ཅིག་ནང་ མདངས་ཞག་ སྤྱི་ཟླ་ ༧ པའི་ནང་ རྒྱལ་སྤྱིའི་གནས་ཚད་ཁར་ བཟའ་འཐུང་གི་ དཀའ་ངལ་ཐོན་སྲིད་པའི་ འཇིག་སྣང་བྱུངམ་ད་ འཛམ་གླིང་སྤྱི་ཚོགས་དང་ ཊར་ཀི་གིས་ བར་འཛུལ་ཐོག་ལས་ བེ་ལེག་སི་ འབྲུ་སྣ་ཚོང་འབྲེལ་ཟེར་མི་ འབྲུ་སྣ་ཚོང་སྒྱུར་སྐོར་ལས་ གཙོ་བོར་བཏོན་ཏེ་བཀོད་ནུག།
དེ་ཡང་ གུ་ཊེ་རེཛ་གི་ ཁ་ཐུག་ལས་ ཚོང་སྒྱུར་དེ་ ངེས་པར་དུ་ མཐར་འཁྱོལ་ཅན་སྦེ་ བཟོ་ནི་གི་ འདུན་པ་ཡོདཔ་ལས་ ར་ཤི་ཡའི་ དགོས་དོན་ཚུ་ལུ་ ངོས་ལེན་འབད་ཆོག་ཆོག་སྦེ་ཡོདཔ་ལས་ ར་ཤི་ཡ་ལུ་ ཡུ་ཀེ་རེན་གྱི་ ཕྱད་མདའི་འགན་འཁྲི་བཀལ་ནི་ལུ་ ཐོ་ཕོག་ཡོད་པའི་ བརྡ་མཚོན་སྟོན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 790
Users Yesterday : 1650
This Month : 17611
This Year : 181295
Total Users : 539272
Views Today : 1121
Total views : 1696862
Who's Online : 14