
ཨེན་ཌི་ཊི་ཝི།
རྒྱལ་སྤྱི་གིས་ སྲོག་ཐོག་གི་ ཉེས་ཁྲིམས་རྩ་མེད་གཏང་དགོ་པའི་ ནན་བསྐུལ་འབད་དེ་ཡོད་རུང་ སྤྱི་ཟླ་ ༤ པའི་ཚེས་ ༢༦ ལུ་ སིངྒ་པོར་རྒྱལ་ཁབ་ནང་ སྨྱོ་རྫས་ཀེ་ནག་ ཀེ་ཇི་ ༡ ནག་ཚོང་འཐབ་མི་ ཕོ་སྐྱེས་ཅིག་ལུ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ནུག།
དེ་ཡང་ སིངྒ་པོར་གྱི་དོན་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆའི་ ཡིག་ཚང་དང་ བི་རི་ཊེན་གྱི་ སྙན་གྲགས་ཅན་གྱི་ཚོང་པ་ རི་ཅརཌ་བེ་རེན་སཱོན་གྱིས་ བཙོན་པ་དེ་ ཨོལ་ལྐོག་ཁར་ ཐགཔ་དཔྱང་སྟེ་ བསད་ནི་གི་ ཉེས་ཁྲིམས་དེ་ལུ་ བསམ་ཞིབ་འབད་དགོ་པའི་ ནན་བསྐུལ་འབད་ཡོད་རུང་ སྐྱེས་ལོ་ ༤༦ འབད་མི་ བཙོན་པ་ཏང་ག་ར་ཇུ་ སུ་པི་ཡ་དེ་ ཅི་གི་བཙོན་ཁང་ནང་སྦེ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ཡོདཔ་ད་ ཁོ་ལུ་ ཉེས་ཁྲིམས་དེ་ཡང་ སྤྱི་ལོ་ ༢༠༡༨ ལུ་ སྨིན་ཡོདཔ་ཨིན་པས།
སྨྱོ་རྫས་ཀེ་ནག་དེ་ མཐའ་ཡས་ལེན་གྱིས་གཙོས་པའི་ འཛམ་གླིང་གི་ ས་གནས་ལེ་ཤ་ཅིག་ནང་ ཁྲིམས་འགལ་སྦེ་མ་བརྩི་བར་ བཙོན་ཁྲིམས་ཚུ་ བཀལ་ནི་མེདཔ་སྦེ་ བཟོ་ཡོདཔ་བཞིན་དུ་ འགྲོ་བ་མིའི་དབང་ཆའི་ སྡེ་ཚན་ཚུ་གིས་ སིངྒ་པོར་ལུ་ཡང་ སྲོག་ཐོག་གི་ ཉེས་ཁྲིམས་ཚུ་ རྩ་མེད་གཏང་དགོཔ་སྦེ་ ཨུ་ཚུགས་བསྐྱེདཔ་ཨིན་པས།
འཛམ་གླིང་སྤྱི་ཚོགས་ཀྱི་ ཁ་ཐུག་ལས་ཡང་ རྒྱལ་སྤྱིའི་གནས་རིམ་ནང་ སྲོག་ཐོག་གི་ ཉེས་ཁྲིམས་དེ་ དོན་སྨིན་ཅན་ཅིག་ མེད་པའི་ཁར་ འཛམ་གླིང་རྒྱལ་སྤྱིའི་ འགྲོ་བ་མིའི་དབང་ཆ་དང་ཡང་ མ་མཐུནམ་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1431244
Views Today :
Total views : 5000
Who's Online :