
སི་ཨེན་ཨེན།
སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ ཡུ་ཀེའི་སྤྱི་ཚོགས་ཀྱི་ བར་སྐབས་ཚོགས་རྒྱན་ཁག་ ༢ ཀྱི་ནང་ལས་ རི་ཤི་སུ་ནག་གི་ སྲིད་དོན་ཚོགས་པ་ ཀཱན་སར་བེ་ཊིབ་ཀྱིས་ རྒྱལ་ཁ་ཐོབ་པའི་ རེ་བ་བསྐྱེད་ཡོད་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ རྒྱབ་སྐྱོར་མེད་པར་ ཕམ་སོངཔ་ཨིན་པས།
དེ་ཡང་ བྱང་ཕྱོགས་ཨིང་ལེན་གྱི་ ལུང་ཕྱོགས་སེལ་བི་དང་ ཨེནཛ་ཊི་ལུ་ ལེ་བཱར་སྲིད་ཚོགས་ཀྱིས་ རྒྱལ་ཁ་ཐོབ་ཡོདཔ་ད་ སོ་མར་ཊཱོན་དང་ ཕོ་རོམ་ལུང་ཕྱོགས་ནང་ ལི་བཱ་རཱལ་ ཌེ་མོ་ཀེ་རེ་ཊིག་ སྲིད་ཚོགས་ཀྱིས་ རྒྱལ་ཁ་ཐོབ་ནུག།
ཨཱཀཛ་བི་རིཇ་དང་ ལྷོ་རུའི་སི་ལིབ་ལུ་ བློན་ཆེན་བགྲེསཔ་ བོ་རིཛ་ཇཱོན་སཱན་གྱི་ ངོ་སྐབས་ལུ་ མི་སེར་ཚུ་གིས་ ཀཱན་སར་བེ་ཊིབ་ སྲིད་ཚོགས་ལུ་ རྒྱབ་སྐྱོར་འབད་ཡོད་རུང་ ད་རེས་ ལེ་བར་སྲིད་ཚོགས་ཀྱི་ ཁ་ཐུག་ལུ་ ཕྱོགས་ལྷུང་མང་སུ་ཡོད་པ་ལུ་བརྟེན་ཏེ་ ཚོགས་རྒྱན་ནང་ལས་ རི་ཤི་སུ་ནག་གི་ སྲིད་ཚོགས་དེ་ ཨང་ ༣ པ་ ཐོན་ཡོདཔ་ཨིན་པས།
ད་རེས་ བར་སྐབས་ཚོགས་རྒྱན་གྱི་ གྲུབ་འབྲས་དང་འཁྲིལ་བ་ཅིན་ སང་ཕོད་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་བཙག་འཐུའི་ནང་ལས་ རི་ཤི་སུ་ནག་གི་ སྲིད་དོན་ཚོགས་པ་གིས་ རྒྱལ་ཁ་ཐོབ་པར་ ལཱ་ཁག་འོང་ནི་བཟུམ་ཅིག་ཡོདཔ་ཨིན་པས།
རི་ཤི་སུ་ནག་གིས་ ཨཱགཛ་བི་རིཇ་གི་ གྲུབ་འབྲས་ལུ་བལྟཝ་ད་ རྒྱལ་ཁ་ཐོབ་ཡོདཔ་ལས་ ད་ལྟོ་ མཇུག་མ་བསྡུ་བར་ཡོད་མི་ རྒྱལ་ཡོངས་བཙག་འཐུའི་ནང་ལས་ ཕམ་ནི་ཨིནམ་སྦེ་ སླབ་མི་ཚུགས་ཟེར་བཤད་ནུག།
ག་དེ་སྦེ་ཨིན་རུང་ བར་སྐབས་བཙུག་འཐུ་དེ་ སུ་ནག་གི་དོན་ལུ་ ལཱ་ཁག་ཅིག་སྦེ་ ཐོན་ཡོདཔ་ད་ གནས་སྐབས་ཅིག་ ཡུ་ཀེ་ལུ་ དཔལ་འབྱོར་དང་ མི་མང་ཞབས་ཏོག་ཚུ་ མེདཔ་ཐལ་ཏེ་ཡོད་མི་ཚུ་ སོར་ཆུད་འབད་ཐབས་ལུ་ ཁོ་གིས་ ཟླ་ངོ་ ༩ གི་རིང་ལུ་ བློན་ཆེན་གྱི་ གོ་གནས་འཆང་བའི་ གནས་སྐབས་ནང་ ཀཱན་སར་བེ་ཊིབ་ སྲིད་ཚོགས་དེ་ སྒྲིང་སྒྲིང་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1049
Users Yesterday : 1303
This Month : 66721
This Year : 295562
Total Users : 1007378
Views Today : 2439
Total views : 2928471
Who's Online : 7