
སྤྱི་ཟླ་ ༨ པའི་ཚེས་ ༣༠ ལུ་ སྨྱོ་རྫས་དང་ ཁྲིམས་དོན་ལས་ཚན་གྱིས་ སྨྱོ་རྫས་ནག་ཚོང་ནང་ གྲལ་གཏོགས་ཡོད་པའི་ དོགས་ཟོན་ཐོག་ལུ་ ཐིམ་ཕུ་འོད་གསལ་སྤང་ལས་ ཕོ་སྐྱེས་ ༢ དང་ ཨམ་སྲུ་ ༡ འཛིན་བཟུང་འབད་ནུག།
དེ་ཡང་ འོད་གསལ་སྤང་ ཚོད་བསྲེ་བཙོང་སའི་ སྦ་སྒོར་ནང་ བཞག་སྟེ་ཡོད་མི་ སྣུམ་འཁོར་བོ་ལེ་རོ་ ༡ དེད་གཡོགཔ་དང་ ཨམ་སྲུ་ ༡ དང་སྦྲགས་ཏེ་ སྨྱོ་རྫས་ནག་ཚོང་འཐབ་མི་ཨིན་པའི་ དོགས་པ་ཆགས་ཏེ་ འགྲུལ་བསྐྱོད་བཀག་པའི་ཤུལ་ལས་ ཁོང་གི་ཁྱིམ་ནང་ བརྟག་ཞིབ་འབད་བའི་སྐབས་ལུ་ ཤོག་སྒམ་ ༢ ཀྱི་ནང་ ཨེཛ་པི་པ་ལཱཛ་ཟེར་མི་ སྨྱོ་རྫས་སྒམ་ ༢༡ དང་ ཨེན་ཏ་འོག་ལུ་ གོ་ལ་འཁྱུ་སའི་ ཧོད་དམརཔོ་ཅིག་ནང་ཡོད་མི་ གདན་ཁེབས་ནང་ལས་ ཨེཛ་པི་པ་ལཱཛ་ སྒམ་ ༡༤ འབདཝ་ད་ ཨེཛ་པི་པ་ལཱཛ་ ཐུམ་བསྡོམས་ ༣༩,༠༡༡ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཨམ་སྲུ་དེ་གི་ རྨགཔ་དེ་ཡང་ དེ་ཚེ་ནུབ་མོ་ར་ ཐིམ་ཕུ་ཁྲོམ་ཁ་ལས་ འཛིན་བཟུང་འབད་དེ་ དྲི་དཔྱད་འབདཝ་ད་ སྨྱོ་རྫས་ཚུ་ ཇའི་སྒང་ལུ་ཡོད་མི་ ཚོག་བསྲེ་ཚོང་པ་ཅིག་ལས་ མཁོ་མངགས་འབད་ཡོདཔ་སྦེ་སླབ་ནུག།
ཐིམ་ཕུའི་སྨྱོ་རྫ་དང་ ཁྲིམས་དོན་ལས་ཚན་གྱིས་ སྨྱོ་རྫ་དེ་ཚུ་ འབག་འོང་མི་ སྣུམ་འཁོར་ངོས་འཛིན་གྱི་དོན་ལས་ འཚོལ་ཞིབ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།






Users Today : 1264
Users Yesterday : 1303
This Month : 66936
This Year : 295777
Total Users : 1007593
Views Today : 3040
Total views : 2929072
Who's Online : 13