
བི་བི་སི།
སང་ཕོད་ སྤྱི་ཟླ་ ༡ པའི་ནང་ བང་ལ་དེཤ་ལུ་ རྒྱལ་ཡོངས་བཙག་འཐུ་ འགོ་འདྲེནའཐབ་ནི་ཨིནམ་ལས་ ད་རེས་ སྲིདདོན་ཐོག་ལུ་ མ་མཐུན་པའི་ གནས་སྟངས་ལུ་བརྟེན་ཏེ་ ངོ་རྒོལ་འགྲེམ་སྟོན་དང་ རྨ་བཏོན་ཁྲག་བཏོན་ཚུ་འབདཝ་ལས་ བྱ་སྟབས་མ་བདེ་བའི་ གཞི་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
དེ་ཡང་ གཞུང་གི་རྒྱབ་འགལ་ལུ་ འགྲེམ་སྟོན་ཅིག་ འགོ་འདྲེན་འཐབ་མིའི་ནང་ འཛིང་འཁྲུག་ལངམ་ལས་ ལྡོག་ཕྱོགས་ལུ་ རྒྱབ་སྐྱོར་འབད་མི་ མི་ངོམ་ ༢ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ ལྡོག་ཕྱོགས་ཀྱི་ ཆེ་མཐོའི་འགོ་དཔོན་ དག་པ་ཅིག་ར་ འཛིན་བཟུང་འབད་ནུག།
བང་ལ་དེཤ་ལུ་ ལྡོག་ཕྱོགས་གཙོ་བོ་ བང་ལ་དེཤ་ ནེ་ཤ་ན་ལིཛ་ སྲིད་ཚོགས་ཀྱིས་ བློན་ཆེན་ཤེག་ཧ་སི་ན་དེ་ དགོངས་ཞུ་འབད་དགོཔ་སྦེ་ ངོ་རྒོལ་འགྲེམ་སྟོན་ཚུ་ རྒྱ་སྦོམ་སྦེ་ར་ འགོ་འདྲེན་འཐབ་ཨིན་པས།
བང་ལ་དེཤ་ ནེ་ཤ་ན་ལིཛ་ སྲིད་ཚོགས་དང་ སྲིད་ཚོགས་དེ་དང་ མཐུན་ལམ་ཡོད་མི་ཚུ་གིས་ ཨམ་ཧ་སི་ན་དེ་ བློན་ཆེན་གྱི་ གོ་གནས་ཐོག་ལུ་ར་ བཙག་འཐུ་འབད་བ་ཅིན་ དྲང་བདེན་དང་ འདྲ་མཉམ་མི་འོང་ནི་ཨིནམ་ལས་ དགོངས་ཞུ་འབད་དེ་ གནས་སྐབས་ཀྱི་ གཞུང་སྐྱོང་ཅིག་ གཞི་བཙུགས་འབད་དགོཔ་སྦེ་ སླབ་ཨིན་རུང་ ཨམ་ཧ་སི་ན་དང་ མོ་གི་སྲིད་ཚོགས་ ཨ་ཝ་མི་ལིག་གིས་ ངོས་ལེན་འབད་མ་བཏུབ་ཨིན་པས།
དེ་སྦེ་ འཛིང་འཁྲུག་ལངམ་ད་ ཁྲིམས་སྲུང་དམག་མི་ཚུ་གིས་ གྱིབ་ཀྱི་ལྡེའུ་བཙུགས་ཏེ་ ཀྲོབ་མདའ་དང་ མིག་ཆུ་ཐོན་ནི་གི་ བཙོག་རླུང་ཚུ་ ལག་ལེན་འཐབ་ལས་ ལྡོག་ཕྱོགས་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ རྡོ་དང་ སའི་སྤག་ཅུང་ཚུ་ བཀོག་ཡོདཔ་ཨིན་པས།
དེ་འབདཝ་ལས་ རྒྱལ་སའི་འཁོར་ལམ་ ལ་ལོ་ཅིག་ ཕྱད་མདའ་རྐྱབ་སའི་ ས་གོ་བཟུམ་ཅིག་ལུ་གྱུར་ཏེ་ རྫས་བམ་གས་དོ་བཟུམ་མའི་ སྒྲ་སྐད་གོ་བའི་ཁར་ མིག་ཆུ་ཐོན་ནི་གི་ བཙོག་རླུང་དང་ ཆག་དཀྲུམ་ཤོར་མི་ ཤེལ་ཚུ་གིས་ཡང་ གང་སྟེ་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།







Users Today : 4196
Users Yesterday : 10639
This Month : 21902
This Year : 317868
Total Users : 1029684
Views Today : 4736
Total views : 2964906
Who's Online : 10