
སྤྱི་ཟླ་ ༡༢ པའི་ཚེས་ ༥ ལུ་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ གུང་བློན་བ་ཀྲོ་ཚེ་རིང་གིས་ འགོ་ཁྲིད་འབད་དེ་ འབྲུག་གི་འཐུས་མི་ཚུ་གིས་ གྷ་ན་ཨག་ཀ་ར་ལུ་ འཚོགས་གནང་མི་ འཛམ་གླིང་ཞི་བདེའི་ བློན་པོ་ཚུ་གི་ གྲོས་འཛོམས་ནང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
དེ་ཡང་ ཞི་བདེ་དང་ སྲུང་སྐྱོབ་གོང་འཕེལ་ལུ་ བརྩོན་ཤུགས་བསྐྱེད་ཐབས་ལུ་ཨིནམ་ད་ དེ་བསྒང་ འབྲུག་གིས་ རང་བཞིན་གནས་སྟངས་ མཉམ་འབྲེལ་ཞི་བདེའི་ བསླབ་སྟོན་གྲོས་ཚོགས་ནང་ཡང་ བཅའ་མར་གཏོགས་ཡོདཔ་སྦེ་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
གྲོས་འཛོམས་དེ་ སྤྱི་ཟླ་ ༡༢ པའི་ཚེས་ ༥ ལས་ ༦ ཚུན་ ཉིན་གྲངས་ ༢ ཀྱི་རིང་ལུ་ འཚོགས་ཡོདཔ་ད་ གྲོས་འཛོམས་དེ་ཡང་ ཞི་བདེའི་སྲུང་སྐྱོབ་ལག་ལེན་ སྒྲིང་སྒྲིང་བཟོ་ཐབས་ལུ་ ལོ་རེར་ཐེངས་ ༢ རེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
བློན་པོ་ཚུ་གི་ གྲོས་འཛོམས་དེ་ནང་ ཞི་བའི་མི་སེར་དང་ ཐབས་བྱུས་བརྡ་དོན་ ཉེན་སྲུང་ སྲུང་སྐྱོབ་ ཞི་བདེ་ དམག་མི་ཚུ་གི་ སེམས་ཁམས་འཕྲོད་བསྟེན་ དེ་ལས་ ཞི་བདེ་སྲུང་མི་ ཨམ་སྲུ་ཚུ་ སྲུང་སྐྱོབ་འབད་ནི་ལུ་ གཙོ་རིམ་བཟུང་ནུག།
འབྲུག་གིས་ འཛམ་གླིང་ཞི་བདེའི་སྲུང་སྐྱོབ་ནང་ སྤྱི་ལོ་ ༢༠༡༤ ལས་ ལྷན་ཐབས་འབད་ནི་ འགོ་བཙུགས་ཡོདཔ་ད་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡༡ པའི་ནང་ སྣ་མང་གཅིག་བསྒྲིལ་ རྩ་བརྟན་དོན་གཅོད་ རྒྱབ་སྐྱོར་གྱི་དོན་ལས་ ཨཕ་རི་ཀའི་ སྤྱི་མཐུན་ལྟེ་བའི་ནང་ ཞི་བདེའི་དམག་མི་ ༡༨༠ འབད་མི་ སྡེ་ཚན་ཅིག་ འགོ་དང་པ་ བགོ་བཀྲམ་འབདཡོདཔ་ཨིན་པས།
ཞི་བདེའི་དམག་མི་གིས་ རྒྱལ་ཁབ་ནང་ ཞི་བདེ་དང་ རྩ་བརྟན་བཟོ་ནི་ལུ་ ཕྱག་ཕྱི་གང་དྲག་ཞུ་བའི་ ངོས་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༡༠ པའི་ཚེས་ ༡༡ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ འཛམ་གླིང་ཞི་བདེའི་ རྟགས་མ་ཐོབ་ཡོད་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1393602
Views Today :
Total views : 5000
Who's Online :