
སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ ལྷོ་ཕྱོགས་ཁ་ཐུག་གི་ རྒྱལ་སྤྱིའི་སྒོ་ར་ཚུ་ དུས་ཡུན་ཆུ་ཚོད་ ༢༤ གི་རིང་ལུ་ སྒོ་བསྡམ་ནི་ཨིན་ཟེར་ ནང་སྲིད་ལྷན་ཁག་ བཀའ་ཁྲིམས་བཀོད་འཛིན་ལས་ཁུངས་ཀྱིས་ གསལ་བསྒྲགས་འབདཝ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༨ ལུ་ ཕྱི་རོའི་ཆུ་ཚོད་ ༦ ལས་ སྤྱི་ཟླ་ ༡ པའི་ཚེས་ ༩ གི་ ཕྱི་རོའི་ཆུ་ཚོད་ ༦ ཚུན་ སྒོ་བསྡམ་ནི་ཨིནམ་ལས་ ཕན་ཚུན་འགྲོ་འགྲུལ་འབད་མི་ཚུ་ག་ར་ གོང་གསལ་དུས་ཚོད་ཁར་ འགྲོ་འགྲུལ་འབད་མ་གནང་ཟེར་ གསལ་བསྒྲགས་ནང་ བཀོད་འདུག་པའི་ གནས་ཚུལ་མདོར་བསྡུས།




Users Today : 456
Users Yesterday : 3927
This Month : 130059
This Year : 426025
Total Users : 1137841
Views Today : 480
Total views : 3145415
Who's Online : 30