རྒྱ་གར་གྱི་ས་གནས་ ནིའུ་ཇཱལ་པའི་གུ་རི་ལུ་ རེ་ལི་ཐུག་རྐྱེན་ནང་ འགྲུལ་པ་ ༡༥ ལུ་ཤི་རྐྱེན།

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༦ པའི་ཚེས་ ༡༧ ལུ་ རྒྱ་གར་ནུབ་བེང་གཱལ་མངའ་སྡེའི་ ས་གནས་རྡོ་རྗེ་གླིང་ལུ་ འགྲུལ་པ་སྐྱེལ་འདྲེན་གྱི་ རེ་ལི་གཅིག་དང་ དོ་ཆས་སྐྱེལ་འདྲེན་གྱི་ རེ་ལིའི་བར་ན་ ཐུག་རྐྱེན་བྱུང་ཡོདཔ་ལས་ འགྲུལ་པ་ ༡༥ དེ་ཅིག་ལུ་ ཤི་རྐྱེན་དང་ ༣༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།
དེ་ཡང་ དོ་ཆས་སྐྱེལ་འདྲེན་གྱི་ རེ་ལི་དེ་གིས་ ཀཱན་ཅཱན་ཇང་ག་ རེ་ལི་གུ་ ཕོག་ཡོདཔ་ད་ ལོ་བསྟར་བཞིན་དུ་ རྒྱ་གར་རྒྱལ་ཁབ་ནང་ རེ་ལིའི་ཐུག་རྐྱེན་བརྒྱ་ལས་བཅད་དེ་ བྱུང་དོ་ཡོདཔ་ཨིན་པས།
ཐུག་རྐྱེན་གྱི་ ས་གོ་ནང་ ཁྲིམས་སྲུང་འགག་སྡེ་དང་ རྐྱེན་ངན་གདོང་ལན་སྡེ་ཚན་ཚུ་གིས་ དྲུང་འཚོ་དང་ ས་གནས་ཀྱི་ མི་སེར་ཚུ་དང་གཅིག་ཁར་ རེ་ལི་མེདཔ་ཐལ་མིའི་ནང་ལས་ ཕུངམོ་བཏོན་ནི་དང་ ནདཔ་ཐོན་མི་ཚུ་གི་ སྲོག་སྐྱབས་ཀྱི་ ལཱ་ཚུ་འབད་ཡོདཔ་ད་ དེ་སྦེ་ ཤི་རྐྱེན་བྱུང་མིའི་གྲངས་སུ་ རེ་ལིའི་ནང་ ལཱ་འབད་མི་ ༣ ཡང་འདུག་ཟེར་ཨིན་པས།
ནུབ་བེང་གཱལ་གྱི་ གཙོ་འཛིན་བློན་པོ་ མ་མ་ཏ་ བེ་ནར་ཇི་གིས་ དྲུང་འཚོ་དང་ ནདཔ་སྐྱེལ་འདྲེན་སྣུམ་འཁོར་ དེ་ལས་ རྐྱེན་ངན་འཛིན་སྐྱོང་སྡེ་ཚན་ཚུ་ ཐུག་རྐྱེན་བྱུང་སར་ བཏང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: